4786
Jump to navigation
Jump to search
Tibetan | འགྱོད་པ་སེལ་བ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་བྱུང་བ་སྟེ།
1.བཅོམ་ལྡན་འདས་ཀྱིས་གཞི་དང་བཅས། ངེས་པར་འབྱུང་བ་དང་བཅས་པའི་ཆོས་བསྟན་ནས་ལྟུང་བ་ལས་ལྡང་བའི་ཐབས་ཡོད་དོ་སྙམ་པ། 2.མི་ཤེས་པ་དང་བག་མེད་པ་དང་མ་གུས་པ་དང་ཉོན་མོངས་པ་ཆེ་བ་དག་གིས་ལྟུང་བ་བྱུང་བ་མི་ཤེས་པ་ནས་བཞི་པོ་དེ་དག་སྐྱེས་སོ་སྙམ་པ། 3.ལྟུང་བ་ལ་ལྟུང་བ་མི་འབྱུང་བར་བྱ་བའི་ཕྱིར་ལྷག་པའི་བསམ་པ་ཐག་པ་ནས་སེམས་བསྐྱེད་དོ་སྙམ་པ། 4.ཚངས་པར་མཚུངས་པར་སྤྱོད་པ་མཁས་པ་དག་གི་མདུན་དུ་ལེགས་པར་བཤགས་པ་ཟིན་ཏོ་སྙམ་པ། 5.བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་བསླབ་པ་དང་འགལ་ན་འགྱོད་པ་བྱེད་པ་དེ་ནི་ཡང་དག་པ་དང་ལེགས་པ་མ་ཡིན་གྱི། བདག་བཅོམ་ལྡན་འདས་ཀྱིས་འགྱོད་པའི་རྒྱུན་སྒྲིབ་པའི་གནས་རྣམ་གྲངས་དུ་མར་སྨད་པ། བར་དུ་གཅོད་པའི་ཆོས་གང་ཡིན་པ་དེས་མང་དུ་གནས་ཤིང་དང་དུ་ལེན་པར་བྱེད་ལ། སེལ་བར་མི་བྱེད་ལ་མི་སེལ་བ་གང་ཡིན་པ་དེ་ནི་བདག་དགེ་བ་དང་ལེགས་པ་མ་ཡིན་ནོ་སྙམ་ནས་འགྱོད་པ་སེལ་བའོ། ། |
Tibetan Source | 《བསྟན་འགྱུར་དབུ་མ་ཁི་པ་》ཤ་263བ་1ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |