4799

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱལ་སྤྲུལ་ལྔ།
Tibetan Alternate
Tibetan Definition དེ་ཡང་། བླ་མ་སྤྲུལ་པའི་སྐུའི་ནང་ནས་བོད་ཀྱི་རྒྱལ་པོ་གནང་བའི་སྤྲུལ་སྐུ་སྟེ།

1.དེ་མོ་ཧོ་ཐོག་ཐུ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་གཤེགས་རྗེས་རབ་བྱུང་བཅུ་གསུམ་པའི་མེ་གླང (1757)ལོ་ནས་རབ་བྱུང་བཅུ་གསུམ་པའི་མེ་བྱའི (1777)ལོའི་བར་ཁྲི་ལོ་21 2.དགའ་ལྡན་ཁྲི་ཐོག་དྲུག་ཅུ་རེ་གཅིག་པ་ཚེ་སྨོན་གླིང་སྐུ་ཕྲེང་དང་པོ་ངག་དབང་ཚུལ་ཁྲིམས་གོང་གི་ལོ་འཕྲོས་ནས་རབ་བྱུང་བཅུ་གསུམ་པའི་མེ་རྟ (1786)ལོའི་བར་ཁྲི་ལོ་10 3.ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་བློ་བཟང་ཡེ་ཤེས་བསྟན་པའི་མགོན་པོ་རབ་བྱུང་བཅུ་གསུམ་པའི་ལྕགས་ཕག (1791)ལོ་ནས་རབ་བྱུང་བཅུ་བཞི་པའི་ལྕགས་རྟ (1810)ལོའི་བར་ཁྲི་ལོ་20 4.རྭ་སྒྲེང་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་རབ་བྱུང་བཅུ་བཞི་པའི་ཤིང་སྦྲུལ (1845)ལོ་ནས་རབ་བྱུང་བཅུ་བཞི་པའི་ཤིང་བྱི (1864)ལོའི་བར་ཁྲི་ལོ་19 5.སྟག་བྲག་སྤྲུལ་སྐུ་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ (རབ་བྱུང་བཅུ་དྲུག་པའི་ལྕགས་སྦྲུལ་1941) ནས་རབ་བྱུང་བཅུ་དྲུག་པའི་ལྕགས་སྟག (1950) ལོའི་བར་ཁྲི་ལོ་10སོགས་གོང་གསལ་རྣམས་རྒྱལ་སྤྲུལ་ཡིན།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་669.1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number