4806

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོར་ལྡན་པའི་ཆོས་ལྔ་ལ་བཅུ་ཚན་རེ་ཡོད་པའི་བཅུ་ཚན་ལྔ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་ཚངས་པས་བྱིན་གྱི་ཞུས་པའི་མདོ་ལ་བྱུང་བ་སྟེ།

1.དད་པ་རྣམ་པ་བཅུ། (1)གཡོ་མེད་པར་སྦྱིན་པ། (2)བདོག་པ་ཐམས་ཅད་ཡོངས་སུ་གཏོང་བ། (3)ལྷག་པའི་ང་རྒྱལ་མེད་པ། (4)དད་པའི་ཤས་ཆེ་བ། (5)འཕགས་པའི་བསྟན་པ་ལ་སྐྱོན་དུ་མི་འཛིན་པ། (6)དགེ་སློང་རབ་འབྲིང་ཐ་མ་རྣམས་ལ་འཁྲུལ་བ་མི་འཚོལ་བ། (7)སྟོང་པ་ཉིད་ལ་མོས་པ། (8)ལུས་ཀྱི་ལས་ཡོངས་སུ་དག་པ། (9)ངག་གི་ལས་ཡོངས་སུ་དགུ་པ། (10)ཡིད་ཀྱི་ལས་ཡོངས་སུ་དག་པའོ། ། 2.ཆོས་དང་ལྡན་པའི་རྒྱལ་པོར་རིག་པར་བྱ་བའི་ཡན་ལག་བཅུ། (1)ཆོས་འདོད་པས་ལུས་ལ་མི་ལྟ་ཞིང་སྲོག་ལ་མི་ལྟ་བ། (2)འཁོར་བ་ལ་སྐྱོ་བའི་ཡིད་དང་ལྡན་པ། (3)ཁྱིམ་ན་གནས་པ་ལ་སྐྱོན་མང་བར་སེམས་པ། (4)དངོས་པོ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ། (5)སྟོན་མངོན་པར་འདུས་བྱས་པའི་ལས་ཀྱི་ནང་ནས་སྡིག་པའི་ལས་ལ་སྨོད་ཅིང་མ་འོངས་པ་མངོན་པར་འདུ་མི་བྱེད་པ། (6)སྡུག་པ་དང་། མི་སྡུག་པ་རྣམས་ལ་ངེས་པར་སེམས་པའི་ཡིད་དང་ལྡན་པ། (7)བསམ་པ་ཐེག་པ་ནས་སྒྲུབ་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་རྫོགས་པར་བྱེད་དེ། ཚིག་ལྷུར་ལེན་པར་མི་བྱེད་པ། (8)ཡེ་ཤེས་ཡོངས་སུ་འཚོལ་བས་དམ་བཅས་པ་ལ་བརྟན་པ། (9)རང་གི་གཡོག་འཁོར་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་ཅིང་། རྒྱུན་མི་འཆད་པར་དེ་དག་ཆོས་ཀྱི་སྦྱིན་པས་ཡོངས་སུ་སྨིན་པར་བྱེད་པ། (10)དེ་དག་གི་ཟང་ཟིང་ཡང་སྡུད་པར་བྱེད་པའོ། ། 3.ཆོས་ཟབ་མོ་ལ་མོས་པར་རིག་པར་བྱ་བ་རྣམ་པ་བཅུ། (1)ཇི་སྐད་སྨྲས་པ་དེ་བཞིན་དུ་བྱེད་པ། (2)དགེ་བའི་ཆོས་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བ་ལས་ཤས་ཆེར་གུས་པ་དྲག་པོ་དང་ལྡན་ཞིང་ཡང་པའི་ལས་མངོན་པར་འདུ་བྱེད་པའང་ཡོངས་སུ་སྤོང་པ། (3)མངོན་པར་འདུ་བྱེད་པ་ཡིད་དུ་འོང་བའང་མངོན་པར་འདུ་བྱེད་པ། (4)སྐྱེ་བོ་དབང་ཕྱུག་དང་ལྡན་པ་རྣམས་ལའང་གཟུ་ལུམས་སུ་ནན་གྱིས་གནོན་པར་མི་བྱེད་པ། (5)ཡིད་དུ་འོང་བའི་སྦྱིན་པའང་གཞན་དག་ལ་སྟོབས་པར་བྱེད་དེ། ཡིད་དུ་མི་འོང་བ་ཡོངས་སུ་སྤོང་བ། (6)ཆོས་ཐམས་ཅད་ལའང་སྟོང་ངོ་སྙམ་དུ་ངེས་པར་འབྱུང་བར་བྱེད་པ། (7)བྱེད་པ་མེད་པའི་ལྟ་བས་ཡང་དག་པའི་མཐའ་ལ་མཚན་ཉིད་གཅིག་ཏུ་མོས་པར་ཡང་མི་བྱེད་ལ་ཐ་དད་པའི་འདུ་ཤེས་ཅན་ཡང་མ་ཡིན་པ། (8)རང་གི་ཡོན་ཏན་གྱིས་ཀྱང་གཞན་གྱི་ཡོན་ཏན་ཁྱད་དུ་གསོད་པར་མི་བྱེད་པ། (9)ཚད་ངེས་པར་འཛིན་པའང་མི་བྱེད་པ། (10)གང་ཟག་སྦྱོར་བ་མེད་པ་རྣམས་ལའང་ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པ་དང་། མཐུན་པར་བྱེད་པའོ། ། 4.བསྟན་པ་ཡོངས་སུ་འཛིན་པར་རིག་པར་བྱ་བ་རྣམ་པ་བཅུ། (1)འཇིག་རྟེན་གྱི་ཆོས་བརྒྱད་ཀྱིས་མི་ཚུགས་པའི་ཏིང་ངེ་འཛིན་སྒྲུབ་པ་ལ་བརྩོན་པ། (2)གཟུངས་ཡོངས་སུ་འཚོལ་བ་ལ་བརྩོན་པ། (3)དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་རྣམ་པར་ངེས་པ་ལ་མཁས་པ། (4)གང་ཟག་གང་དག་མངོན་པར་བརྩོན་པ་དེ་དག་གི་གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ནད་ཀྱི་གསོས་སྨན་ཡོ་བྱད་རྣམས་བསྟབས་པས་ཡོངས་སུ་མི་སྐྱོ་བ། (5)བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་ལ་བརྩོན་པ། (6)ལེགས་པར་བསམ་པ་སེམས་པ་དང་། ལེགས་པར་སྨྲ་བས་སྨྲ་བ། (7)ལེགས་པའི་ལས་བྱེད་པ། (8)རབ་ཏུ་འབྱུང་བ་སེམས་པ། (9)རྒྱལ་པོ་ལ་དགའ་བ་ལ་སྐྱོན་དུ་རྟོག་པ། (10)གཟུགས་སྡུག་ཅིང་གཟུགས་བཟང་བ་ཐམས་ཅད་ལ་མི་ལྟ་བའི་ཡིད་དང་ལྡན་པ། ཐ་ན་རྒྱལ་པོ་གཅིག་པུར་སྲེད་པས་བསྒྲུབ་པ་ལའང་མི་ལྟ་བའི་ཡིད་དང་ལྡན་པའོ། ། 5.དམ་པའི་ཆོས་ཡོངས་སུ་འཛིན་པ་དེའང་རིག་པར་བྱ་བ་རྣམ་པ་བཅུ། (1)ཡང་དག་པར་བསྒྲུབ་པ། (2)ངེས་པར་ཕངས་པར་བྱེད་པ། (3)ཆོས་ལ་མོས་པ། (4)འཁྲུལ་པ་མེད་པར་ཀུན་ཏུ་སྤྱོད་པ། (5)ཡེ་ཤེས་འདོད་ཅིང་ཡོན་ཏན་གྱི་ཁྱད་པར་ལ་ཡིད་ཆེས་པ། (6)དེ་བཞིན་གཤེགས་པའི་ཕོ་ཉ་དང་ཉེ་བར་སྤྱོད་པ། (7)སངས་རྒྱས་ཀྱི་སྣོད་དུ་རུང་བ། (8)དཀོན་མཆོག་གསུམ་གྱི་གདུང་སྡུད་པ། (9)དམ་པའི་ཆོས་འབར་བར་བྱེད་པ། (10) སྐྱེ་བོ་མང་པོ་ཡོངས་སུ་སྨིན་པར་བྱེད་པའོ། །

Tibetan Source 《མདོ་པ་པ་》ཤ་17ན་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number