4903

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལྔ།
Tibetan Alternate
Tibetan Definition དེ་ཡང་། མཁས་པའི་ཚུལ་ལ་འཇུག་པའི་སྒོ་ལས་བྱུང་བ་སྟེ།

1.བསྡུས་པ་ལས་གྱུར་པ་ཞེས་པ་རྡུལ་ཕྲ་རབ་ཀྱི་གཟུགས་ནི་གཟུགས་ཡིན་ཀྱང་ཡིད་ཀྱིས་ཤེས་པར་བྱ་བ་ཙམ་མོ། ། མངོན་པར་སྐབས་ཡོད་པའམ་གསལ་བ་ནི་གོང་བཤད་ལྟར་གཞན་ལ་མི་ཐོགས་པའོ། ། 2.ཡང་དག་པར་བླངས་པ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། ། 3.ཀུན་བཏོགས་པའི་གཟུགས་ནི་གཟུགས་བརྙན་དང་རྨི་ལམ་གྱི་གཟུགས་ལྟ་བུའོ། ། 4.དབང་འབྱོར་བའི་གཟུགས་ནི་བསམ་གཏན་ལ་དབང་འབྱོར་བའི་སྟོབས་ཀྱིས་སྣང་བའི་གཟུགས་ཟད་པར་སྔོན་པོ་ལ་སོགས་པ་ལྟ་བུའོ། 5.དབང་འབྱོར་བའི་གཟུགས་ལྟ་བུ་སེམས་ཁོ་ནའི་སྟོབས་ཀྱིས་སྣང་བ་ལ་ནི་རྡུལ་ཕྲན་བསགས་པ་མེད་པའི་ཕྱིར་དེའི་རྒྱུ་འབྱུང་བ་རྣམས་མ་ཡིན་ཏེ་དེ་ལས་གཞན་པའི་གཟུགས་ཀྱི་དབང་དུ་མཛད་ནས་དེ་ལྟར་རྒྱུར་གསུངས་སོ། །

Tibetan Source 《མི་ཕམ་བཀའ་འབུམ་ཅ་པ་》ཤ་3བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number