4906
Tibetan | ཆོས་ཀྱི་རྒྱལ་པོས་མི་སྲུན་པ་ཆད་པ་གཅོད་པར་དྲན་པ་ཉེ་བར་བཞག་པ་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ་སྙིང་རྗེ་ཅན་ནི། གནས་ལྔ་ལ་དྲན་པ་ཉེ་བར་བཞག་ཅིང་མི་སྲུན་པ་ཆད་པས་གཅོད་པ་སྟེ།
1.ཡང་དག་པས་ལགས་ཀྱི། ལོག་པས་མ་ལགས་སོ། ། 2.དུས་སུ་ལགས་ཀྱི། དུས་མ་ལགས་པས་མ་ལགས་སོ། ། 3.དོན་དང་ལྡན་པར་ལགས་ཀྱི། དོན་དང་མི་ལྡན་པར་མ་ལགས་སོ། ། 4.འཇམ་པར་ལགས་ཀྱི། བརླང་བར་མ་ལགས་སོ། ། 5.བྱམས་པས་ལགས་ཀྱི། ཞེ་སྡང་གིས་མ་ལགས་པ་དང་ལྔའོ། ། (1)རྣམ་པ་གང་གིས་ཇི་ལྟར་ན། ཡང་དག་པས་ཡིན་གྱི། ལོག་པས་མ་ཡིན་ཞེས་བྱ་བ་གང་ཞེ་ན། གལ་ཏེ་གཡོན་ལ་མི་གནས་པ་མ་ལགས་ཀྱི། ཡང་དག་པར་གཡོན་ལ་གནས་པར་འགྱུར་བའོ། ། (2)ཇི་ལྟར་ན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན་ཞེས་བྱ་བ་གང་ཞེ་ན། གལ་ཏེ་རྒྱལ་པོས་མི་སྲུན་པ་ཆད་པས་གཅད་པའི་མཐུ་མཆིས་ན་ལགས་ཀྱི། མཐུ་མ་མཆིས་ནི་མ་ལགས་པའོ། ། (3)ཇི་ལྟར་ན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པར་མ་ཡིན་བྱ་བ་གང་ཞེ་ན། གལ་ཏེ་ཁས་བླངས་པ་གནས་པར་བགྱིས་པ་ལགས་ཀྱི། གནས་པར་མ་བགྱིས་པ་མ་ལགས་སོ། ། (4)ཇི་ལྟར་ན། འཇམ་པར་ཡིན་གྱི། བརླང་བར་མ་ཡིན་ཞེས་བྱ་བ་གང་ཞེ་ན། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་འགྲུབ་པར་རྟོགས་པ་ཞིག་ནའང་བཅིང་བ་དང་བསད་པ་ལ་སོགས་པས་གནོད་པ་མི་བགྱི་བར་ཡང་དག་པར་སྐྱོན་བརྗོད་པ་ལགས་ཀྱི། སྐྱོན་མ་བརྗོད་པར་མ་ལགས་སོ། ། (5)ཇི་ལྟར་ན། བྱམས་པས་ཡིན་གྱི། ཞེ་སྡང་གིས་མ་ཡིན་ཞེས་བྱ་བ་གང་ཞེ་ན། གལ་ཏེ་སྐྱོན་བརྗོད་པ་ཙམ་གྱིས་མི་འགྲུབ་པར་རྟོགས་པ་ཞིག་ན་འགུམ་པ་དང་། དབང་པོ་ཉམས་པར་བགྱིད་པ་དང་། ཡན་ལག་གཏུབས་པ་མ་གཏོགས་པར་བྱམས་པའི་སེམས་དང་། སྙིང་རྗེའི་སེམས་ཉེ་བར་བཞག་སྟེ་བཅིང་བ་དང་། གོ་རར་སྩལ་བ་དང་། བརྡེག་པ་དང་། བསྡིགས་པ་དང་། གནོད་པར་བགྱི་བ་དང་། སྤྱི་བ་དང་། བརྒྱད་བཀག་པ་དང་། གནས་ནས་བཀར་བ་དང་། ལོངས་སྤྱོད་འཕྲོག་པ་ལ་སོགས་པ་བརླང་བའི་རྣམ་པ་རྣམས་ཀྱིས་བརླང་བར་བགྱི་བ་སྟེ། དེ་ལས་འདས་པར་བརླང་བར་བགྱི་བ་མི་ལེགས་སོ། ། |
Tibetan Source | 《མདོ་ད་པ་》ཤ་93བ་4ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |