4909

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་ཀྱི་སྦྱིན་པ་ནི་རྒྱུ་རྫས་ཟང་ཟིང་གི་སྦྱིན་པ་ལས་ཁྱོད་པར་འཕགས་པ་ལྔ།
Tibetan Alternate
Tibetan Definition དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་སྟེ།

1.ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉེས་པར་སྤྱོད་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་ལེགས་པར་སྤྱོད་པ་ངེས་པར་ཀུན་ནས་སློང་བར་བྱེད་པའི་ཕྱིར་རོ། ། 2.ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་ཉོན་མོངས་པ་ཀུན་ནས་སློང་བར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་ཉོན་མོངས་པའི་གཉེན་པོ་ཡིན་པའི་ཕྱིར་རོ། ། 3.ཟང་ཟིང་གི་སྦྱིན་པ་ནི་གཞན་གྱི་སེམས་ཀྱི་རྒྱུད་ལ་རྒྱུན་དུ་ཁ་ན་མ་ཐོ་བ་དང་བཅས་པའི་བདེ་བ་སྐྱེད་པར་བྱེད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་རྒྱུན་དུ་ཁ་ན་མ་ཐོ་བ་མེད་པའི་བདེ་བ་བསྐྱེད་པའི་ཕྱིར་རོ། ། 4.ཟང་ཟིང་གི་སྦྱིན་པ་ནི་སངས་རྒྱས་རྣམས་འབྱུང་བ་ཡོད་ཀྱང་རུང་། མེད་ཀྱང་རུང་མོད་པ་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་སངས་རྒྱས་འབྱུང་བ་མེད་ན་དཀོན་པའི་ཕྱིར་རོ། ། 5.ཟང་ཟིང་གི་སྦྱིན་པ་ནི་བྱིན་ན་ཟད་པའི་ཡིན་གྱི་ཆོས་ཀྱི་སྦྱིན་པ་ནི་བྱིན་ན་མི་ཟད་པའི་ཆོས་ཅན་ཡིན་པའི་ཕྱིར་རོ། །

Tibetan Source 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་269བ་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number