4934

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རྣམ་པ་ལྔ།
Tibetan Alternate
Tibetan Definition འདི་ལ་ཁག་གསུམ་ཡོད་པ་སྟེ།

ཁག་དང་པོ། འཕགས་པ་ལངྐར་གཤེགས་པའི་མདོ་ལས་བྱུང་བ་སྟེ། 1.མཚན་མོ་ནི། གང་དབྱིབས་དང་། རྣམ་པ་དང་། ཁྱད་པར་དང་། ཁྱད་དང་། གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བ་དེ་ནི་མཚན་མའོ། ། 2.མིང་ནི། གང་མཚན་མ་དེ་ཉིད་ལ་རྫ་མ་ལ་སོགས་པར་མིང་བཏགས་ཏེ། འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ། ། 3.རྣམ་པར་རྟོག་པ་ནི། གང་གིས་བདེ་བ་ཞེའམ། གོ་ཆ་ཞེས་མིང་དེ་བརྗོད་ཅིང་མཚན་མ་གསལ་བར་བྱེད་པ་སེམས་དང་། སེམས་ལས་བྱུང་བར་བསྒྲགས་པའོ། ། 4.དེ་བཞིན་ཉིད་ནི། ཆོས་དེ་དག་ཕན་ཚུན་དུ་མྱོང་བ་མེད་ཅིང་ཀུན་བརྟགས་པ་ཡང་མ་ཡིན་པའི་ཕྱིར། གང་བློ་རབ་ཏུ་ཞིག་གི་བར་དུ་མིང་དང་། མཚན་མ་ཤིན་ཏུ་མི་དམིགས་པ་ནི་དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་མཐར་ཐུག་པ། རང་བཞིན་དང་། ངོ་བོ་ཉིད་དང་། མི་དམིགས་པ་དེ་བཞིན་ཉིད་ཀྱི་མཚན་ཉིད་དུ་ང་དང་། དེ་བཞིན་གཤེགས་པ་གཞན་དག་གིས་ཀྱང་ཐུགས་སུ་ཆུད་དེ། ཇི་ལྟ་བ་བཞིན་དུ་བཤད་དོ། བཏགས་སོ། ། བཀྲོལ་ལོ། ། གསལ་བར་བྱས་སོ། ། 5.ཡང་དག་པའི་ཡེ་ཤེས་ནི། གང་གིས་ཐུགས་སུ་ཆུད་ཅིང་ཡང་དག་པར་རྫོགས་པ་དང་། གང་ཆད་པ་མེད་པ་དང་། རྟག་པ་མེད་པའི་ཕྱིར་རྣམ་པར་རྟོག་པར་མི་འཇུག་པ། བདག་གི་འཕགས་པ་སོ་སོ་རང་གི་ཡེ་ཤེས་དང་མཐུན་པ། ཕ་རོལ་གྱི་ཕྱོགས་མུ་སྟེགས་བྱེད་དང་། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ། འདི་དག་ཉིད་ཀྱི་ནང་དུ་རང་བཞིན་གསུམ་དང་། རྣམ་པར་ཤེས་པ་བརྒྱད་དང་། བདག་མེད་པ་གཉིས་དང་། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱང་འདུས་ཏེ། དེ་ལ་རང་གི་བློ་མཁས་པར་བྱའོ། ། གཞན་ཡང་བྱེད་དུ་གཞུག་ཅིང་གཞན་གྱི་དྲིང་ལ་གཞོག་པར་མི་བྱའོ། །

Tibetan Source 《མདོ་ཅ་པ་》ཤ་234བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number