4935

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆོས་རྣམ་པ་ལྔ།
Tibetan Alternate
Tibetan Definition ཁག་གཉིས་པ། ལང་གཤེགས་མདོ་ལས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་མདོ་ལས་བྱུང་བ་སྟེ།

1.རྒྱུ་མཚན་ནི། གནས་པ་དང་། དབྱིབས་ཀྱི་མཚན་ཉིད་དང་། གཟུགས་ལ་སོགས་པའི་མཚན་ཉིད་དུ་སྣང་བ་ནི་རྒྱུ་མཚན་ཞེས་བྱའོ། ། 2.མིང་ནི། གྲང་རྒྱུ་མཚན་དེ་ཉིད་ལ་བུམ་པ་ཞེས་བྱ་བ་ལ་སོགས་པའི་མིང་ཡོད་པས་འདི་ནི་དེ་བཞིན་གྱི་གཞན་དུ་མ་ཡིན་ནོ། མིང་མང་པོ་བཏགས་ནས་རྒྱུ་མཚན་རྣམས་གསལ་བར་བྱེད་པའོ། ། 3.རྣམ་པར་རྟོག་པ་ནི། བུམ་པ་ལ་སོགས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་སོ། ། 4.དེ་བཞིན་ཉིད་ནི། མིང་དེ་དང་རྒྱུ་མཚན་དེ་དག་མཐར་དམིགས་སུ་མེད་པ་དང་། ཐོག་མ་དང་། ཐ་མར་རིག་པར་བྱ་བ་མེད་པ་དང་། ཆོས་རྣམས་ལ་ཕན་ཚུན་མེད་པ་དང་། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་དང་བྲལ་བའོ། ། 5.ཡང་དག་པའི་ཡེ་ཤེས་ནི། དེ་ཁོ་ན་ཉིད་ཡང་དག་པར་ངེས་པ་མཐར་ཐུག་པ་ཡང་རང་བཞིན་དམིགས་སུ་མེད་པ་དེ་ནི་དེ་བཞིན་ཉིད་ཀྱི་མཚན་ཉིད་ཀྱི་དུ་ང་དང་དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཞུགས་ཤིང་སེམས་ཅན་ཐམས་ཅད་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་བཤད་དོ། ། བཏགས་སོ། ། གསལ་བར་བྱས་སོ། ། གང་དེའི་རྗེས་སུ་ཞུགས་ནས་ཡང་དག་པར་རྟོགས་ཤིང་ཆད་པ་དང་རྟག་པ་མེད་པ། རྣམ་པར་རྟོག་པ་མི་འབྱུང་བ་སོ་སོ་རང་གིས་རིག་པ་འཕགས་པའི་ཡེ་ཤེས་ཀྱི་ཚུལ་དང་རྗེས་སུ་མཐུན་པ། མུ་སྟེགས་ཅན་དང་། ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མི་དམིགས་པའི་མཚན་ཉིད་དོ། ། (སྐབས་འདིར་ཆོས་ལྔ་པ་གཉིས་མདོ་གཅིག་གི་ནང་དུ་ཡང་གསུང་ཡུལ་མི་འདྲ་བས་སྐབས་འགར་ཅུང་མི་འདྲ་བ་དཔྱད་གཞིའི་ཆེད་གཉིས་ཀ་བཀོད་པ་ལགས་སོ། ། )

Tibetan Source 《མདོ་ཅ་པ་》ཤ་447བ་6ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number