5000

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཉེ་བའི་མཚམས་མེད་ལྔ།
Tibetan Alternate
Tibetan Definition དེ་ཡང་། མཛོད་གནས་བཞི་པ་ལས་བྱུང་བ་སྟེ།

1.རང་གི་མ་ཡང་ཡིན་ལ་དགྲ་བཅོམ་པ་ཡིན་པ་ཞིག་ལ་ལོག་གཡེམ་གྱིས་སུན་འབྱིན་པ། 2.བསྐལ་པ་གྲངས་མེད་པ་གསུམ་གྱིས་ཚོགས་བསགས་ཚར་ནས། མཚན་བཟང་གི་རྒྱུ་བསྒྲུབ་མཁན་གྱི་བྱང་ཆུབ་སེམས་དཔའ་སྐུལ་པ་བརྒྱ་ན་འཚང་རྒྱ་བར་ངེས་པའི་བྱང་ཆུབ་སེམས་དཔའ་ངེས་གནས་པ་གསོད་པ། 3.སློབ་པ་འཕགས་པ་གསོད་པ། 4.དགེ་འདུན་གྱི་འདུ་བའི་དཀོར་འཕྲོག་པ། 5.སྐུ་གསུང་ཐུགས་རྟེན་བཤིག་པའོ། ། གསང་སྔགས་ནས་བཤད་པའི་མཚམས་མེད་ལྔ་ལ། འཁོར་ལོའི་དབྱེན་གྱི་དོད་དུ་དམ་པའི་ཆོས་སྤོང་བ། སངས་རྒྱས་ཀྱི་སྐུ་ལ་ཁྲག་འབྱིན་པའི་དོད་དུ་སངས་རྒྱས་ཀྱི་སྐུ་འདྲ་བཤིག་པ་ལ་འཇོག་པར་འདུས་པ་ལས་བཤད་དོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་584.13ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number