5012
Jump to navigation
Jump to search
| Tibetan | ཉེས་པ་རྣམ་པ་ལྔ་མཐོང་ནས་འདོད་པ་བསྟེན་པར་མི་རིགས་པ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་སྟེ།
1.བདེ་བ་ཆུང་ལ་སྡུག་བསྔལ་ཆེ་ཞིང་། ཉེས་པ་མང་བར་མཁས་པས་ཡང་དག་པར་མཐོང་ནས། དེས་འདོད་པ་ལ་བསྟེན་པར་མི་རིགས་པ། 2.འདོད་པ་ལ་བསྟེན་པས་ཀུན་ཏུ་སྦྱོར་བ་འཕེལ་བར་འགྱུར་བར་མཁས་པས་ཡང་དག་པར་མཐོང་ནས། དེས་འདོད་པ་ལ་བསྟེན་པར་མི་རིགས་པ། 3.འདོད་པ་ལ་བསྟེན་ན་ཅུང་ཟད་ཀྱང་མི་རིགས་པའམ། ངོམས་པའམ། ཆོག་པ་མེད་པར་མཁས་པས་ཡང་དག་པར་མཐོང་ནས། དེས་འདོད་པ་ལ་བསྟེན་པར་མི་རིགས་པ། 4.འདོད་པ་ལ་བསྟེན་ན་སྡིག་པ་ཅུང་ཟད་ཀྱང་མི་བྱ་བ་མེད་པར་མཁས་པས་ཡང་དག་པར་མཐོང་ནས། དེས་འདོད་པ་ལ་བསྟེན་པར་མི་རིགས་པའོ། ། |
| Tibetan Source | 《འདུལ་བ་ད་པ་》ཤ་247བ་5ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |