5018
| Tibetan | ཉོན་མོངས་པའི་གདོན་ནི་རྒྱུ་ལས་འབྱུང་བའོ་གདོན་ལས་ཁྱད་པར་འཕགས་པ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ཉོན་མོངས་པའི་གདོན་ནི་རྒྱུ་རྫས་འབྱུང་བའི་གདོན་ལས་ཁྱད་པར་འཕགས་པ་ལྔ་གང་ཞེ་ན།
1.འབྱུང་པོའི་གདོན་གྱིས་ཟིན་པ་ནི་གཅིག་ལ་གདོན་གཅིག་གིས་ཟིན་པ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པ་ནི་གཅིག་ལ་ཉོན་མོངས་པའི་གདོན་དུ་མས་ཟིན་པ་ཡིན་པ། 2.འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་གསང་སྔགས་དག་གམ་སྨན་དག་གམ། ཡོ་བྱད་དག་གིས་བསྒྲུབ་སླ་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་བསྒྲུབ་ཏུ་མི་རུང་བ་ཡིན་པ། 3.འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་ཟིན་པ་ཙམ་ཁོ་ནས་བྱིས་པ་དང་ཁྱེའུ་དག་ཡན་ཆད་ཀྱིས་ཀྱང་རྣམ་པར་ཤེས་པར་སླ་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་ཀྱང་རྣམ་པར་ཤེས་པར་དཀའ་བ་ཡིན་པ། 4.འབྱུང་པོའི་གདོན་གྱིས་ཟིན་པའི་གདོན་ནི་གློ་བུར་བ་སྟེ། ལྷན་ཅིག་སྐྱེས་པ་མ་ཡིན་པ་དང་། དེས་དེའི་ངང་ཚུལ་དུ་མི་འགྱུར་བ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་གློ་བུར་བ་མ་ཡིན་པ་སྟེ། ལྷན་ཅིག་སྐྱེས་པ་དང་། དེས་དེའི་ངང་ཚུལ་དུ་འགྱུར་བ། 5.འབྱུང་པོའི་གདོན་གྱིས་ཟིན་པའི་འབྱུང་པོའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་མ་ཡིན་པ་ཡིན་གྱི། ཉོན་མོངས་པའི་གདོན་གྱིས་ཟིན་པའི་ཉོན་མོངས་པའི་གདོན་ནི་དེ་ལས་གཞན་པའི་སེམས་ཅན་ཐམས་ཅད་དང་ཐུན་མོང་ཡིན་པས་སོ། ། |
| Tibetan Source | 《བསྟན་འགྱུར་སེམས་ཙམ་ཞི་པ་》ཤ་269བ་7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |