5050

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཏོར་མའི་རྣམ་གྲངས་ལྔ།
Tibetan Alternate
Tibetan Definition དེ་ཡང་། གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ།

1.འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་སྣང་འཛིན་མེད་དུ་རྟོགས་ནས། ཉོན་མོངས་ཡེ་ཤེས་སུ་འཆར་བ་ནི། འགྱུར་མེད་ཡེ་ཤེས་ཀྱི་གཏོར་མ། 2.བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ་ནི། ཆོས་ཐམས་ཅད་རང་སྣང་གཉིས་མེད་དུ་རྟོགས་ནས། སྡུག་བསྔལ་བདེ་བར་འཆར་བ་ནི། བདེ་ཆེན་བྱང་ཆུབ་སེམས་ཀྱི་གཏོར་མ། 3.ཡོངས་སུ་ཁྱབ་པའི་གཏོར་མ་ནི། ཕྱི་ནང་སྣོད་བཅུད་སེམས་ཀྱིས་ཁྱབ་ཚད་ཆོས་ཉིད་ཀྱིས་ཁྱབ་པ་ནི། ཡོངས་སུ་ཁྱབ་པའི་གཏོར་མ། 4.དག་པ་ཆོས་ཉིད་ཀྱི་གཏོར་མ་ནི། ཆོས་ཉིད་བྱང་ཆུབ་སེམས་མ་བྱུང་མ་སྐྱེས་པ་ནི། དག་པ་ཆོས་ཉིད་ཀྱི་གཏོར་མ། 5.སྣ་ཚོགས་ལམ་ཁྱེར་གྱི་གཏོར་མ་ནི། ཐམས་ཅད་ཡང་དག་གཉིས་མེད་ཀྱི་ལམ་དུ་གྲོ་བ་ནི། སྣ་ཚོགས་ལམ་ཁྱེར་གྱི་གཏོར་མའོ། །

Tibetan Source 《རིན་ཆེན་གཏེར་མཛོད་ཨི་པ་》ཤ་24ན་1ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number