5075

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྟུང་བ་སྡེ་ལྔ།
Tibetan Alternate
Tibetan Definition ལུང་རྣམ་འབྱེད་ཀྱི་པོ་ཏི་བཞི་ཡི་ལྟུང་བ་ཁག་གཅིག་སྟེ།

1.ཕམ་པའི་སྡེ། 2.ལྷག་མའི་སྡེ། 3.སྤང་ལྟུང་དང་ལྟུང་བྱེད་གཉིས་ཀྱི་སྡེ། 4.སོར་བཤགས་ཀྱི་སྡེ། 5.ཉེས་བྱས་ཀྱི་སྡེའོ། ། དེ་ཡང་སྟོན་པ་སངས་རྒྱས་ཏེ་འཁོར་ལྔ་སྡེ་བཟང་པོ་ལ་ཆོས་འཁོར་བསྐོར་བ་ནས་བཟུང་ལོ་བཅུ་གཉིས་མ་ལོན་བར་དུ་བཅས་པ་མ་མཛད། དེ་ནས་བཟང་བྱིན་གྱི་བུ་དང་དགེ་སློང་དགོན་པ་བ་གཉིས་ལ་སོགས་པས་མི་ཚངས་སྤྱོད་ཀྱི་གླེང་གཞི་ལ་བརྟེན་ནས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་མགོ་ཟུག་པའོ། ། ལོ་བཅུ་གཉིས་པོའི་གནས་སྐབས་ཀྱི་དགེ་སློང་ལ་བཅས་ལྡན་དགེ་སློང་མི་བཞག་པའི་དོན་དེ་ཡིན་ནོ། ། བཅས་པ་མཛད་རྗེས་སུ་ཡང་། ཕྱིར་བཅོས་ཀྱི་ཕན་ཡོན་བཤད་པས་སྤྲོ། ཉེས་དམིགས་བཤད་པས་སྐྱོ་བའི་གང་ཟག་ལ་མ་དགོས་ཀྱང་། དེ་ལྟ་བུས་འདུལ་མ་ནུས་པའི་དབང་བརྟུལ་འགའ་ཞིག་ལ་བརྟེན་ནས། ནན་ཏུར་དང་ཆད་ལས་གནང་བའོ། ། དེ་ལྟར་ཡིན་ཏེ་ས་ག་ལྷས། སྟོན་ཀའི་ཆུ་བཞིན་དྲི་མེད་པར། ། སྟོན་པའི་བསྟན་པ་བཅུ་གཉིས་ལོར། ། ལྟུང་བ་མེད་པར་ལེགས་པར་གནས། ། ཞེས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་498.7ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number