5161
Jump to navigation
Jump to search
| Tibetan | དུས་ཀྱི་འབྱུང་བའི་ཐང་གཅིག་ནས་ཆུ་ཚོད་གྲུབ་ཚུལ་ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་སྟེ།
1.མིག་འབྱེད་འཛུམ་གཉིས་ལ་ཐང་གཅིག་གོ 2.ཐང་གཅིག་ལ་མཆོག་དཀའ་གཅིག་གོ ། 3.མཆོག་དཀའ་བཅུ་དྲུག་ལ་ནི་དུས་ཚོད་གཅིག་གོ ། 4.དུས་ཚོད་སུམ་ཅུ་ལ་ནི་ཆུ་ཚོད་གཅིག་གོ ། 5.ཆུ་ཚོད་གཉིས་ལ་ནི་ཡུད་ཙམ་གཅིག་གོ ། ཡུད་ཙམ་གཅིག་གི་ཚད་ཅི་ཙམ་ཞེ་ན། ཆུ་སྲང་བརྒྱ་བུམ་པར་བླུགས་ནས་འཛགས་པའི་ཚད་དོ། ། ཆུ་ཚོད་ཀྱི་བུམ་པའི་ཚད་ཅི་ཙམ་ཞེ་ན། འོལ་མ་སེ་གཅིག་གིས་གསེར་སོར་བཞི་བསྙད་དེ། ཕྱོགས་བཞི་ནས་མཉམ་པར་བཟླུམས་པའི་ཚད་ཀྱི་བུམ་པའི་ཞབས་སུ་བརྟོལ་ནས། ཆུ་ཟད་པ་དེ་ནི་ཆུ་ཚོད་གཅིག་གི་ཚད་དོ། ། ཆུ་ཚོད་གཉིས་ནི་ཡུད་ཙམ་གཅིག་གོ ། |
| Tibetan Source | 《མདོ་ཨ་པ་》ཤ་399བ་6ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |