5525
Tibetan | དབང་པོ་ལྔ། |
---|---|
Tibetan Alternate | |
Tibetan Definition | ཁག་གཉིས་པ། དོན་རྣམ་པར་ངེས་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ལས་བྱུང་བ་སྟེ།
1.དེ་ལ་དད་པའི་དབང་པོ་ནི། དད་པ་གང་གིས་ཆོས་བཞི་ལ་དད་པ་སྟེ། (1)འཁོར་བ་ན་སྤྱོད་པ་འཇིག་རྟེན་པའི་ཡང་དག་པར་ལྟ་བ་ལ་དད་པ། (2)དེ་ལ་ལས་ཀྱི་རྣམ་པར་སྨིན་པ་ལ་རྟོན་པ་། (3)ལས་དགེ་བའང་རུང་། མི་དགེ་བའང་རུང་། གང་བྱེད་པའི་ལས་དེ་དང་། དེའི་རྣམ་པར་སྨིན་པ་མྱོང་བར་འགྱུར་བ། (4)དེ་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མངོན་པར་འདུ་མི་བྱེད་པ་སྟེ། འདི་ནི་དད་པའི་དབང་པོ་ཞེས་བྱའོ། ། 2.དེ་ལ་བརྩོན་འགྲུས་ཀྱི་དབང་པོ་ནི། དད་པའི་དབང་པོས་ཆོས་གང་དག་ལ་དད་པའི་ཆོས་དེ་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པ་སྟེ། འདི་ནི་བརྩོན་འགྲུས་ཀྱི་དབང་པོ་ཞེས་བྱའོ། ། 3.དེ་ལ་དྲན་པའི་དབང་པོ་ནི། ཆོས་གང་དག་བརྩོན་འགྲུས་ཀྱི་དབང་པོས་ཡང་དག་པར་སྒྲུབ་པའི་ཆོས་དེ་དག་དྲན་པའི་དབང་པོས་ཆུད་མི་གཟོན་པ་སྟེ། འདི་དག་ནི་དྲན་པའི་དབང་པོ་ཞེས་བྱའོ། ། 4.དེ་ལ་ཏིང་ངེ་འཛིན་གྱི་དབང་པོ་ནི། ཆོས་གང་དག་དྲན་པའི་དབང་པོས་ཆུད་མི་གཟོན་པའི་ཆོས་དེ་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པ་སྟེ། འདི་ནི་ཏིང་ངེ་འཛིན་གྱི་དབང་པོ་ཞེས་བྱའོ། ། 5.དེ་ལ་ཤེས་རབ་ཀྱི་དབང་པོ་ནི། ཆོས་གང་དག་ལ་ཏིང་ངེ་འཛིན་གྱི་དབང་པོས་རྩེ་གཅིག་ཏུ་བྱེད་པའི་ཆོས་དེ་དག་ཤེས་རབ་ཀྱི་དབང་པོས་རབ་ཏུ་རྟོག་ཅིང་དེ་ཆོས་དེ་དག་ལ་སོ་སོར་རྟོག་པའི་རང་བཞིན་ཅན་ཡིན་ཏེ་འདི་ནི་ཤེས་རབ་ཀྱི་དབང་པོ་ཞེས་བྱའོ། ། |
Tibetan Source | 《མདོ་ལ་པ་》ཤ་275བ་7ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |