5611
Tibetan | མི་སྲུན་པ་ལྔ་དང་། དེ་དག་འགོག་ཐབས་ལྔ། |
---|---|
Tibetan Alternate | |
Tibetan Definition | དེ་ཡང་། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་རྣམ་པར་འཕྲུལ་པ་བསྟན་པའི་མདོ་ལས་བྱུང་བ་ཆོས་ཀྱི་རྒྱལ་པོས་མི་སྲུན་པ་ཇི་ལྟར་ངོས་བཟུང་བ་དང་། ཇི་ལྟར་བྱས་ནས་བཟློག་པར་བྱ་བ་སྟེ།
1.རྒྱལ་པོ་ལ་གནོད་པ་བགྱིད་པ་ནི། འགུམས་པ་དང་། འགུམས་སུ་སྩལ་བ་དང་། དུག་སྩོལ་བ་དང་། ཕྱག་མཛོད་རྐུ་བ་དང་། དོན་མ་རུང་བར་བགྱིད་པ་དང་། བཙུན་མོ་འདྲིད་པ་དང་། བཀའ་ལྟར་མི་བགྱིད་པ་དང་། གསང་མི་ཐུབ་པ་དང་། ཁམས་ཀྱི་དཀྲུགས་མ་བགྱིད་པ་དང་། ཁ་རྒོད་མཆི་བ་དང་། ཁ་ཕྱིར་གཏོང་བ་དང་། དེ་ལྟ་བུ་ལ་སོགས་པ་དག་ནི། རྒྱལ་པོ་ལ་གནོད་པ་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། ། རྣམ་པ་གང་གིས་ཆོས་དང་ལྡན་པའི་རྒྱལ་པོས་རྒྱལ་པོ་ལ་གནོད་པ་བྱེད་པའི་མི་སྲུན་པ་རྣམས་ཆད་པས་གཅད་པར་བྱ་བ་གང་ཞེ་ན། དེ་ནི། སྐྱོན་བརྗོད་པས་དགག་པའམ། ལོངས་སྤྱོད་དབྲོག་པས་དགག་པའམ། བཅིང་བ་དང་། བསྐྲད་པ་དང་། སྨད་པས་དགག་པར་བྱའོ། ། 2.གཅིག་ལ་གཅིག་གནོད་པར་བགྱིད་པ་ནི། སེམས་ཅན་འདི་དག་གཅིག་ལ་གཅིག་སྲོག་ལ་རྒོལ་བའམ། ལོངས་སྤྱོད་འཕྲོག་པའམ། མཆིས་བྲང་ལ་བྱི་བ་བགྱིད་པའམ། སྒྱུའི་དབང་གིས་ཕ་རོལ་སླུ་བའམ། མཛའ་བ་འབྱེད་པའམ། ངག་མི་སྙན་པས་འཐབ་པའམ། ལས་དང་། སྲང་དང་། ཚད་སྒྱུ་མས་གཞན་འདྲིད་པའམ། གཅིག་ལ་གཅིག་མི་སྙན་པར་བརྗོད་པའམ། དེ་ལྟ་བུ་ལ་སོགས་པ་དག་ནི། གཅིག་ལ་གཅིག་གནོད་པར་བགྱིད་པ་ལགས་པར་མཁྱེན་པར་བགྱིའོ། ། ཇི་ལྟར་ཆད་པས་བཟློག་པར་བྱ་བ་གང་ཞེ་ན། བསྡིགས་པ་དང་། གནོད་པར་བགྱི་བ་དང་། བརྡེག་པ་དང་། གོ་རར་སྩལ་བ་དང་། སྤྱི་བ་དང་། ཆད་པས་བཅད་པས་བཟློག་པར་བགྱིའོ། ། 3.བཀའ་ལ་མི་ཉན་པ་ནི། རྒྱལ་པོ་ཆེན་པོ་ལ་བརྟེན་པའི་ཁམས་ཀྱི་རྒྱལ་ཕྲན་དང་། རྒྱལ་པོའི་བཀའ་ལྟར་མི་བགྱིད་པ་སྟེ། དེ་ལྟ་བུ་ལ་སོགས་པ་དག་ནི། བཀའ་མི་ཉན་པ་ལགས་པར་མཁྱེན་པར་བགྱིའོ། ། ཇི་ལྟ་བུས་བཟློག་པར་བྱ་བ་གང་ཞེ་ན། ཟིལ་གྱིས་མནན་ཏེ་དབང་དུ་བསྒྱུར་བ་ལ་རང་རང་གི་རིས་ནས་བསྐྱོད་པར་མི་བགྱི་བས་བཟློག་པར་བགྱིའོ། ། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་དེ་དག་རང་རང་གི་རིས་ནས་བསྐྱོད་པར་མ་བགྱིས་ན། རྒྱལ་པོའི་བཀའ་དྲིན་གཟོ་ཞིང་འཇིགས་པས་བཀའ་ཉན་པར་འགྱུར་ཏེ། གཞན་བཀའ་མི་ཉན་པའི་སྐབས་ཀྱང་ཡོངས་སུ་ཆད་པར་འགྱུར་ཞིང་ཕྱག་མི་འཚལ་བ་རྣམས་ཀྱང་ཕྱག་འཚལ་བར་འགྱུར། ཕྱོགས་དང་ཕྱོགས་མཚམས་རྣམས་སུའང་སྙན་པར་གྲགས་པའི་སྒྲ་དང་། ཚིགས་སུ་བཅད་པ་འབྱུང་བར་འགྱུར་ཞིང་གཞི་དེ་ལས་བསོད་ནམས་ཀྱང་མང་དུ་འཕེལ་བའི་སླད་དུའོ། ། 4.ལོག་པས་འཚོ་བ་ནི། སེམས་ཅན་གང་དག་སྡོམ་པ་མ་མཆིས་པ་སྟེ། དེ་དག་ཀྱང་ཤན་པ་དང་། བྱ་བ་དང་། ཕག་ཚོང་དང་། དེ་ལྟ་བུ་ལ་སོགས་པ་དག་ལགས་པར་མཁྱེན་པར་བགྱིའོ། ། ཇི་ལྟ་བུས་བཟློག་པར་བྱ་བ་གང་ཞེ་ན། བསྡིགས་ཤིང་ད་ཕན་ཚད་གལ་ཏེ་དེ་ལྟར་བྱེད་ན། ཆད་པ་འདི་དང་འདིས་གཅད་དོ། ། ཞེས་འཇིགས་པ་བསྟན་པས་དགག་པར་བྱའོ། ། 5.ལོག་པར་ཞུགས་པ་ནི། སེམས་ཅན་གང་དག་ལོངས་སྤྱོད་པས་ཕྱིར་ལོག་སྟེ་མཚན་མ་ཅན་དུ་གྱུར་པ་རྣམས་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པར་གྱུར་ཅིང་རང་རང་གི་ཆོས་ཡོངས་སུ་བཟུང་བ་རྣམས་ལ་མི་གནས་པ་ལགས་ཏེ། དེ་དག་ནི། ལོག་པར་ཞུགས་པ་ལགས་པར་མཁྱེན་པ་བགྱིའོ། ། ཇི་ལྟ་བུས་བཟློག་པར་བྱ་བ་ཞེ་ན། ཡང་དག་པའི་གཉེན་པོའི་ཕྱོགས་ལ་བཟུང་བས་བཟློག་པར་བགྱིའོ། ། |
Tibetan Source | 《མདོ་ད་པ་》ཤ་95ན་5ལས་བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |