5612

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མིའི་དམ་པ་ཐོབ་ནས་རྟག་ཏུ་སྐུར་པ་འདེབས་པར་འགྱུར་པའི་ལས་ལྔ།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་སེམས་ཅན་ལས་ལྔ་དང་ལྡན་པ་རྣམས་ནི། མིའི་དམ་པ་ཐོབ་ནས་རྟག་ཏུ་སྐུར་པ་འདེབས་པར་འགྱུར་ཞིང་སྐྱེ་བོ་མང་པོ་མི་དགའ་པ་དང་ཁ་དྲི་མི་ཞིམ་པ་དང་། གནོད་པ་མང་བ་དང་། ལུས་ཤིན་ཏུ་སྦྱངས་པ་མ་ཡིན་པར་འགྱུར་བ་སྟེ།

1.བརྫུན་དུ་སྨྲ་བ། 2.བརྫུན་དུ་སྨྲ་བས་རྟག་ཏུ་གཞན་སླུ་བའི་སེམས་ལྷུར་ལེན་པ། 3.ཆོས་ཀྱི་འབེལ་པའི་གཏམ་ཆེན་པོ་ལ་འདུས་པ་ན་ཆོས་ཀྱི་གཏམ་དེ་ལ་རྣམ་པར་སྨོད་པ། 4.ཚངས་པའམ་མཚུངས་པར་སྤྱོད་པ་རྣམས་མཐོང་ན་དེ་དག་ལ་བརྙས་ཤིང་ཁྱད་དུ་གསོད་པ། 5.དམའ་བའི་སེམས་སུ་བྱེད་པའོ། །

Tibetan Source 《མདོ་ད་པ་》ཤ་474ན་4ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number