5654
Tibetan | སྨྲ༌བའི༌རྒྱན༌རྣམ༌པ༌ལྔ། |
---|---|
Tibetan Alternate | |
Tibetan Definition | དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌ས༌ལས༌བྱུང༌བ༌སྒྲ༌བའི༌རྒྱན༌རྣམ༌པ༌ལྡ༌གང༌ཞེ༌ན། བདག༌དང༌ཕ༌རོལ༌གྱི༌ལུགས༌ཤེས༌པ། ཚིག༌གི༌སྦྱོར༌བ༌ཕུན༌སུམ༌ཚོགས༌པ། མི༌འཇིཧས༌པ། བརྟེན༌པ། ངོ༌མི༌བཟློག༌པའོ། ། དེ༌ལས།
1.བདག༌དང༌ཕ༌རོལ༌གྱི༌ལུགས༌ཤེས༌པ༌ནི། འདི༌ལྟར༌ཁ༌ཅིག༌ཆོས༌འདུལ༌བ༌ལ༌མངོན༌པར༌དགའ༌སྟེ། བསྟན༌བཅོས༌དང༌། ལུགས༌དང༌། གྲུབ༌པའི༌མཐའ༌དེ༌ལ༌འདོན༌པ༌དང༌། དགའ༌བ༌དང༌། ཉམ༌པ༌དང༌། བསམས༌པ༌དང༌། ཡིངས༌སུ་སྨིན༌པར༌བྱ༌བ༌དང༌། སྒྲུབ༌པས༌མཁས༌པར༌བྱས༌ཤིང༌ཚིག༌གིས༌གོམས༌པར༌བྱས༌ཏེ། བྱང༌བར༌བྱས༌པ༌གང༌ཡིན༌པ༌དང༌། གཞན༌ཡང༌ཆོས༌འདུལ༌བ༌ལ༌མངོན༌པར༌མི༌འདོད༌ཅིང༌། མངོན༌པར༌མི༌དགའ༌བ༌སྟེ། ཕ༌རོལ༌གྱི༌བསྟན༌བཅོས༌དང༌། ཕ༌རོལ༌གྱི༌ལུགས༌དང༌། ཕ༌རོལ༌གྱི༌གྲུབ་པའི་མཐའ་དེ་ལ་འདོན་པ་དང་། དགའ་བ་དང་། ཉན༌པ༌དང༌། བསམས༌པ༌དང༌། ཡོངས༌སུ༌སྨིན༌པར༌བྱེད༌ལ། སྒྲུབ༌པར༌ནི༌མི༌བྱེད༌དེ། མཁས༌པར༌བྱས༌ཤིང༌ཚིག༌གས༌གོམས༌པར༌བྱས༌ཏེ། བྱང༌བར༌བྱས༌པ༌གང༌ཡིན༌པ༌འདི༌ནི༌བདག༌དང༌ཕ༌རོལ༌གྱི༌ལུགས༌ཤེས༌པ༌ཞེས༌བྱའོ། ། 2.ཚིག་གི་སྦྱོར་བ་ཕུན་སུམ་ཚོགས་པ་ནི། འདི་ལྟར་ཁ་ཅིག༌ཚིག༌ཟུར༌ཕྱིན༌པས༌སྨྲ༌བ༌པོ༌ཡིན༌གྱི། ཚིག༌ཟུར༌མི༌ཕྱིན༌པས་མ་ཡིན་པ་ལྟ་བུ་སྟེ། ཚིག་གང་ཞེ་ན། དེ་ནི་ཡོན་ཏན། དེ༌ནི༌ཡོན༌ཏན༌ལྡ༌དང༌ལྡན༌པར༌རིག༌པར༌བྱ༌སྟེ། (1)གྲོང༌མིའི༌སྐད༌མ༌ཡིན༌པ། (2)ཡང༌བ། (3)བརྗིད་པ། (4)འབྲེལ་བ། (5)དོན་བཟང་པོ་ཡིན་ནོ། ། ཇི་ལྟར་གྲོང་མིའི་སྐད་མ་ཡིན་པ་ཡིན་ཞེ་ན། ཡུལ་ངན་པ་དང་། ཡུལ་འཁོར་ངན་པ་དང༌། ཡུལ༌མི༌ངན༌པའི༌སྐད༌མ༌ཡིན༌པའོ། ། ཇི༌ལྟར༌ཡང༌བ་ཡིན་ཞེ་ན། འཇིག་རྟེན་ན་གྲགས་ཤིང་ཤིན་ཏུ་རིགས་པའི༌ཚིག༌སྦྱོར༌བར༌བྱེད༌པའོ། ། ཇི༌ལྟར༌བརྗིད༌པ༌ཡིན༌ཞེ༌ན། དོན་གང་བརྗོད་པའི་སྐབས་སུ་བབ་པའི་དོན་དེ་བསྒྲུབ་པའི་ཕྱིར༌ལེགས༌པར༌སྦྱར༌ཞིང༌མཐུ༌ཡོད༌པའོ། ། ཇི༌ལྟར༌འབྲེལ༌པ་ཡིན་ཞེ་ན། ཆོས་དང་དོན་སྔ་མ་དང་ཕྱི་མ་དང་མི་འབྲེལ་བ་མ་ཡིན་པའོ། ། ཇི་ལྟར་དོན་བཟང་བ་ཡིན་ཞེ་ན། མངོན༌པར༌མཐོ༌བའམ། ངེས༌པར༌ལེགས༌པ༌ལས༌བརྩམས༌ཏེ། ཕྱིན༌ཅི༌མ༌ལོག༌པའོ། ། ཚིག༌ཟུར༌ཕྱིན༌པར༌སྨྲ༌བ༌རྣམས༌ཀྱི༌ཚིག༌སྦྱོར༌བ༌དེ༌ཡང༌རྣམ༌པ༌དགུ༌ཕུན༌སུམ༌ཚོགས༌པར༌རིག༌པར༌བྱ༌སྟེ། [1]མ༌འཚལ༌བ། [2]ཉེས༌པར༌རྩོམ༌པ༌མ༌ཡིན༌པ། [3]བརྡ༌ཕྲད༌པ། [4]རན་པ། [5]དོན་དང་ལྡན་པ། [6]དུས། [7]སྦྱོར༌བ། [8]བསྟན་པ། [9]གསལ༌བ༌དང༌། རྒྱུན༌ཆགས༌པའོ། ། 3.མི་འཇིགས་པ་ནི། འདི་ལྟར་འདི་ནི་ཁ་ཅིག་རིས་ཀྱི་འཁོར༌མང༌པོ༌རྣམ༌པ༌སྣ༌ཚོགས༌ཀྱི༌རིས་དང་། རགས༌པའི༌རིས༌དང༌། མངོན་པར་ཞེན་པའི་རིས་དང་། ཚོགས་པའི་རིས་དང། མཁས་པའི་རིས་ཀྱི་ནང་དུ་ཡང་རུང་སྟེ། སེམས༌ཞུམ༌པ༌མེད༌པ༌དང༌། སེམས༌དམན༌པ༌དང༌། སེམས༌འཇིགས༌པ༌མེད༌པ༌དང། ལུས༌མི༌རྔུལ༌བ༌དང༌། བཞིན༌མི༌འགྱུར༌བ༌དང༌། སྐད༌མི༌འདར༌བ༌དང༌། གཅོམ༌མི༌ཆུང༌བར༌ཚིག༌སྨྲ༌བ༌སྟེ། འདི༌ནི༌མི༌འཇིག༌པ༌ཞེས༌བྱ༌བའོ། ། 4.བརྟེན་པ་ནི། འདི་ལྟར་འདི་ན་ཁ་ཅིག་དུས་ལ་བབ་པ༌ན༌ཚིག༌དལ༌བྱས༌སྨྲ༌བར༌བྱེད༌ཀྱི༌རིངས༌པར༌མི༌སྨྲ༌བ༌ལྟ༌བུའོ། ། 5.ངོ༌མི༌བཟློག༌པ༌ན། འདི༌ལྟར༌འདི༌ན༌ཁ༌ཅིག༌དེས༌ཤིང་གཞན་དག་ལ་རྣམ་པར་ཐོ་མི་འཚམས་པའི་རང་བཞིན་ཅན་ཡིན་པས། དེ་དེས་པ་རྣམས་ཀྱི་དེས་པའི་ཚུལ་གང་ཡིན༌པ༌དེ༌ལས༌འགལ༌བར༌མི༌བྱེད༌པས། ཕ༌རོལ༌གྱི༌སེམས༌སྲུང༌ཞིང༌ཚིག༌སྨྲ༌བ༌སྟེ། དེ༌ཡང༌དུས༌ལ༌བབ༌པ༌དང༌། བདེན༌པ༌དང༌། དོན༌དང༌ལྡན༌པ༌དང༌། འཇམ༌པ༌དང༌། མཛའ༌བའི༌ཚུལ༌གྱིས༌བྱེད༌པ༌ལྟ༌བུ༌སྟེ། འདི༌ནི༌ངོ༌མི༌བཟློག༌པ་ཞེས་བྱའོ། ། |
Tibetan Source | 《བསྟན༌འགྱུར༌སེམས༌ཙམ༌ཚི༌པ༌》ཤ༌195ན༌3ལས༌བཏུས། |
Wylie | |
Wylie Definition | |
Wylie Synonym | |
Sanskrit | |
English | |
English Definition | |
English Synonyms | |
Chinese | |
Chinese (Simplified) | |
Chinese (Traditional) | |
Chinese Definition | |
Page Number |