5675

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཚངས༌པར༌ལྡན༌པ༌མཆོག༌དང༌ལྡན༌པའི༌ཆོས༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། ཆོས༌མངོན༌པ༌ཀུན༌ལས༌བཏུས༌པའི༌རྣམ༌པར༌བཤད༌པ༌ལས༌བྱུང༌བ༌སྟེ།

1.འཁྲིག༌པ༌ལས༌གཞན༌དུ༌འཁྲིག༌པས༌ལས༌ངེས༌པར༌འབྱུང༌བ༌མི༌ཚོལ༌པ༌ནི། དེ༌ཉིད༌ཡང༌དག༌པ༌ཇི༌ལྟ༌བ༌བཞིན༌དུ༌ཡོངས༌སུ༌ཤེས༌ནས༌སྤོང༌བའི༌ཕྱིར༌རོ། ། དེ༌ཡང༌དག༌པ༌ཇི༌ལྟ༌བ༌བཞིན༌དུ༌ཡོངས༌སུ༌ཤེས༌པ༌ནི༌དེ༌བཞིན༌དེ༌བཞིན༌ཉིད༌རབ༌ཏུ༌རྟོགས༌པར༌རིག༌པར༌བྱའོ། ། 2.འཁྲིག༌པ༌སྤང༌བ༌ལ༌གཡེལ༌བ༌ནི། མི༌ཚངས༌པ༌སྤྱོད༌པ༌སྤོང༌བའི༌ཐབས༌ལ༌རྟོགས༌པའི༌ཕྱིར༌རོ། ། 3.འཁྲིག༌པའི༌འདོད༌ཆགས༌སྐྱེས༌པ༌དང༌དུ༌ལེན༌པ༌ནི། འདོད༌པ༌ལ༌འདོད༌ཆགས༌ནང༌ནང༌དུ༌ཕྱི༌རོལ༌དུ༌སྤོང༌བའི༌ཕྱིར༌རོ། ། 4.འཁྲིག༌པའི༌གཉེན༌པོའི༌ཆོས༌ཀྱིས༌སྐྲག༌པ༌ནི། དེའི༌གཉེན༌པོའི༌ཆོས༌ཀྱིས༌སེམས༌ཅན༌ཐམས༌ཅད༌བསྒྲལ༌བའི༌དོན༌དུ༌རྩོམ༌པའི༌ཕྱིར༌རོ། ། 5.ཡང༌ཡང༌གཉིས༌སྙོམས༌པར༌འཇུག༌པ༌ནི། ཞི༌གནས༌དང༌ལྷག༌མཐོང༌གཉིས༌འཇིག༌རྟེན༌དང༌འཇིག༌རྟེན༌ལས༌འདས༌པ༌གཉིས༌ལ༌སྙོམས༌པར༌འཇུག༌པ༌སྟེ། ཀུན༌ནས༌ཉོན༌མོངས༌པ༌དང༌རྣམ༌པར༌བྱང༌བ༌གཉིས༌འབྲས༌བུ༌དང༌རྒྱུའི༌བྱེ༌བྲག༌གིས༌བདེན༌པ༌བཞིའི༌བདག༌ཉིད༌དུ༌གྱུར༌པའི༌དོན༌དུ། འཇིག༌རྟེན༌དང༌འཇིག༌རྟེན༌ལས༌འདས༌པའི༌ལས༌གཉིས༌ལ༌རྙོམས༌པར༌འཇུག༌པའི༌ཕྱིར༌རོ། །

Tibetan Source 《བསྟན༌འགྱུར༌སེསམ༌ཙམ༌ལི༌པ༌》ཤ༌191བ༌2ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number