5701
| Tibetan | ཚོར༌བའི༌ཕུང༌པོའི༌རབ༌ཏུ༌དབྱེ༌བ༌རྣམ༌པ༌ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌ས༌རྣམ༌པར༌གཏན༌ལ༌དབབ༌པ༌བསྡུ༌བ༌ལས༌བྱུང༌བ༌སྟེ།
1.དངོས༌པོ༌ནི། ཚོར༌བའི༌ཕུང༌པའི༌དངོས༌པོ༌ནི༌མྱོང༌བ༌ཉིད༌དང༌། མྱོང༌བའི༌གནས༌དང༌མཐུན༌པའི༌ཚོས༌རྣམས༌སོ། 2.མཚན༌ཉིད༌ནི། རང༌གི༌མཚན༌ཉིད༌ནི༌བདེ༌བ༌དང༌། སྡུག༌བསྔལ༌བ༌དང༌། སྡུག༌བལྔལ༌བ༌ཡང༌མ༌ཡིན༌བདེ༌བ༌ཡང༌མ༌ཡིན༌པའི༌ཚོར༌བའོ། ། དེ༌ལ༌ཚོར༌བའི༌ཕུང༌པོའི༌སྤྱིའི༌མཚན༌ཉིད༌ནི༌བདེ༌བའི༌ཚོར༌བ༌ནི༌འགྱུར༌བའི༌སྡུག༌བསྔལ༌ཉིད༌ཀྱིས༌སྡུག༌བསྔལ༌བ༌དང༌། སྡུག༌བསྔལ༌གྱི༌ཚོར༌བ༌ནི༌སྡུག༌བསྔལ་གྱི༌སྡུག༌བསྔལ་ཉིད༌ཀྱིས༌སྡུག༌བསྔལ༌བ༌དང༌། སྡུག༌བསྔལ༌ཡང༌མ༌ཡིན༌བདེ༌བ༌ཡང༌མ༌ཡིན༌པའི༌ཚོར༌བ༌ནི༌འདུ༌བྱེད༌ཀྱི༌སྡུག༌བསྔལ༌ཉིད༌ཀྱིས༌སྡུག༌བསྔལ༌བའི༌དབང༌དུ༌མཛད༌ནས། གང༌ཅི༌ཚོར༌བ༌ཡང༌རུང༌སྟེ༌དེ༌ནི༌འདིར༌སྡུག༌བསྔལ༌བའོ༌ཞེས༌བྱ༌བའོ། ། 3.རབ༌ཏུ༌སྐྱེ༌བ༌ནི། རེག༌པ༌བཅུ༌དྲུག༌ལས༌ཚོར༌བ༌རྣམས༌འབྱུང༌བར༌འགྱུར༌བ༌སྟེ། (1)མིག༌གི༌འདུས༌ཏེ༌རེག༌པ༌རྣམས། (2)རྣ༌བའི༌འདུས༌ཏེ༌རེག༌པ༌རྣམས། (3)སྣའི༌འདུས༌ཏེ༌རེག༌པ༌རྣམས། (4)ལྕེའི༌འདུས༌ཏེ༌རེག༌པ༌རྣམས། (5)ལུས༌ཀྱི༌འདུས༌ཏེ༌རེག༌པ༌རྣམས། (6)ཡིད༌ཀྱི༌འདུས༌ཏེ༌རེག༌པ༌རྣམས། (7)ཐོགས༌པའི༌འདུས༌ཏེ༌རེག༌པ༌རྣམས། (8)ཚིག༌བླ༌དགས༌ཀྱི༌འདུས༌ཏེ༌རེག༌པ༌རྣམས། (9)བདེ༌བའི༌ཚོར༌བ༌དང༌མཐུན༌པའི༌འདུས༌ཏེ༌རེག༌པ༌རྣམས། (10)སྡུག༌བསྔལ༌གྱི༌ཚོར༌བ༌དང༌མཐུན༌པའི༌འདུས༌ཏེ༌རེག༌པ༌རྣམས། (11)སྡུག༌བསྔལ༌ཡང༌མ༌ཡིན༌བདེ༌བ༌ཡང༌མ༌ཡིན༌པའི༌ཚོར༌བ༌དང༌མཐུན༌པའི༌འདུས༌ཏེ༌རེག༌པ༌རྣམས། (12)རྗེས༌སུ༌ཆགས༌པའི༌འདུས༌ཏེ༌རེག༌པ༌རྣམས། (13)ཁོང༌ཁྲོ༌བའི༌འདུས༌ཏེ༌རེག༌པ༌རྣམས། (14)རེག༌པའི༌འདུས༌ཏེ༌རེག༌པ༌རྣམས། (15)མ༌རིག༌པའི༌འདུས༌ཏེ༌རེག༌པ༌རྣམས། (16)རིག༌པ༌ཡང༌མ༌ཡིན༌མ༌རིག༌པ༌ཡང༌མ༌ཡིན༌པའི༌འདུས༌ཏེ༌རེག༌པ༌རྣམས༌སོ། ། 4.ཉེ༌བར༌བརྟགས༌པ༌ནི། ཚོར༌བ༌ཉེ༌བར༌བརྟག༌པ༌རྣམ༌པ༌བརྒྱད༌ནི། (1)རང༌གི༌མཚན༌ཉིད༌ཉེ༌བར༌བརྟག༌པ། (2)ཚེ༌འདི༌ལ༌འབྱུང༌བའི༌རྒྱུ༌ཉེ༌བར༌བརྟག༌པ། (3)དེ༌འགོག༌པ༌ཉེ༌བར༌བརྟག༌པ། (4)ཚེ༌ཕྱི༌མ༌ལ༌འབྱུང༌བ༌ཉེ༌བར༌བརྟག༌པ། (5)དེ༌འགོག༌པ༌ལ༌ཉེ༌བར༌བརྟག༌པ། (6)དེ༌གཉི༌ག༌ལ༌འབྱུང༌བའི༌རྒྱུ༌ཉེ༌བར༌བརྟག༌པ། (7)དེ༌གཉི༌ག༌ལ༌འབྱུང༌བ༌འགོག༌པ༌ཉེ༌བར༌བརྟག༌པ། (8)རྣམ༌པར༌བྱང༌བ༌ཉེ༌བར༌བརྟག༌པ༌ཡོངས༌སུ༌བསྟན༌པར༌བྱ༌བའོ། 5.ངེས༌པར༌འབྱུང༌བ༌ནི། དེ༌ལ༌ཚོར༌བ༌རྣམས༌ཀྱི༌ངེས༌པར༌འབྱུང༌བ༌ནི༌ལྔ༌སྟེ། (1)ཡིད༌མི༌བདེ༌བའི༌དབང༌པོ༌ལས༌ངེས༌པར༌འབྱུང༌བ༌ནི༌བསམ༌གཏན༌དང༌པོའོ། ། (2)སྡུག༌བསྔལ༌གྱི༌དབང༌པོ༌ལས༌ངེས༌པར༌འབྱུང༌བ༌ནི༌བསམ༌གཏན༌གཉིས༌པོ། ། (3)ཡིད༌བདེ༌བའི༌དབང༌པོ༌ལས༌ངེས༌པར༌འབྱུང༌བ༌ནི༌བསམ༌གཏན༌གསུམ༌པའོ། ། (4)བདེ༌བའི༌དབང༌པོ༌ལས༌ངེས༌པར༌འབྱུང༌བ༌ནི༌བསམ༌གཏན༌བཞི༌པའོ། ། (5)བཏང༌སྙོམས༌ཀྱི༌དབང༌པོ༌ལས༌ངེས༌པར༌འབྱུང༌བ༌ནི༌མཚན༌མ༌མེད༌པའི༌དབྱིངས༌སོ། ། |
| Tibetan Source | 《བསྟན༌འགྱུར༌སེམས༌ཙམ༌ཞི༌པ༌》ཤ༌39བ༌5ལས༌བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |