5706

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚམས༌མེད༌པ༌ལྔ།
Tibetan Alternate
Tibetan Definition འདིལ༌ཁག༌བཞི༌ཡོད༌པ༌སྟེ།

འཕགས༌པ༌ལངྐར༌གཤེགས༌པའི༌མདོ༌ལས༌བྱུང༌བ༌ཁག༌གཅིག༌སྟེ། 1.སེམས༌ཅན༌རྣམས༌ཀྱི༌མ༌ནི། གའ༌བའི༌འདོད༌ཆགས༌དང༌ལྡན༌པའང༌འབྱུང༌བ༌ཅན༌གྱི༌སྲེད༌པ༌ནི༌མི༌ལྟ༌བུར༌གནས༌སོ། ། 2.མ༌རིག༌པ༌ནི། མཆེད༌ཀྱི༌གྲོང༌རྣམས༌བསྐྱེད༌པའི༌ཕྱིར༌ཕ༌ལྟ༌བུ༌སྟེ། ཕ༌མ༌དེ༌གཉིས༌ཤིན༌ཏུ༌རྩ༌བ༌ནས༌བདབ༌ན༌ཕ༌མ༌བསད༌པ༌ཡིན༌ནོ། ། 3.དགྲ༌བཅོམ༌པ༌བསད༌པ༌ནི། བག༌ལ༌ཉལ༌དགྲ༌དང༌མཚུངས༌པ༌བྱི༌བའི༌དུག༌ལྟར༌ཁོང༌ནས༌ལྡང༌བའི༌ཆོས༌ཅན༌ཤིན༌ཏུ༌བཅོམ༌ན༌དགྲ༌བཅོམ༌པ༌བསད༌པ༌ཡིན༌ནོ། ། 4.དགེ༌འདུན༌འབྱེད༌པ༌ནི། ཕུང༌པོ༌ཕན༌ཚུན༌དུ༌མཚན༌ཉིད༌མི༌མཐུན༌པ༌འདུས༌པ༌རྩ༌བ༌ནས༌བཅོས༌པས༌དགེ༌འདུན༌ཕྱེ༌བ༌ཞེས༌བྱའོ། ། 5.དེ༌བཞིན༌གཤེགས༌པ༌ལ༌གནོད༌ཀྱིས༌ཁྲག༌ཕྱུང༌བ༌ནི། རང༌དང༌། སྤྱིའི༌དང༌། ཕྱི༌རོལ༌རང༌གི༌སེམས༌སྣ༌བ༌ཙམ༌དུ༌ཤེས༌པར༌བྱེད༌པ། རྣམ༌པར༌ཤེས༌པ༌འདུས༌པ༌བརྒྱད༌རྣམས༌ལ༌རྣམ༌པར༌ཐར༌པ༌གསུམ༌ཟག༌པ༌མེད༌པའི༌གནོད༌སེམས༌ཀྱིས༌ཤིན༌ཏུ༌བཅོམ༌ན༌རྣམ༌པར༌ཤེས༌པའི༌སངས༌རྒྱས༌ལ༌གནོན༌སེམས༌ཀྱིས༌ཁྲག༌ཕྱུང༌བ༌ཡིན༌ཏེ། མཚམས༌མེད༌པ༌བྱེད༌པ༌ཡིན༌ནོ། །

Tibetan Source 《མོད༌ཅ༌པ༌》ཤ༌175བ༌4ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number