5707

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚམས༌མེད༌པ༌ལྔ།
Tibetan Alternate
Tibetan Definition འཕགས༌པ༌ཀུན༌རྫོབ༌དང༌། དོན༌དམ༌པའི༌བདེན༌པ༌བསྟན༌པའི༌མདོ༌ལས༌བྱུང༌བ༌ཁག༌གཅིག༌སྟེ།

1.ནམ༌བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌ལྷག༌པའི༌བསམ༌པས༌བླ༌ན༌མེད༌པ༌ཡང༌དག༌པར༌རྫོགས༌པའི༌བྱང༌ཆུབ༌ཏུ༌མི༌སྐྱེ༌བའི༌ཚུལ༌གྱིས༌སེམས༌བསྐྱེད༌ནས༌བར༌མ༌དོར༌ཉན༌ཐོས༌དང༌། རང༌སངས༌རྒྱས༌དང༌། དམིགས༌པ༌ཅན༌དང༌། མུ༌སྟེགས༌ཅན༌ཐམས༌ཅད༌ཀྱི༌སར༌སེམས༌སྐྱེད༌པ༌འདི༌ནི། བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོའི༌མཚམས༌མེད༌པ༌དང༌པོའོ། ། 2.ནམ༌བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌བདོག༌པ༌ཐམས༌ཅད༌གཏོད༌བ༌ལ༌མི༌སྐྱེ༌བའི༌ཚུལ༌གྱིས༌སེམས༌བསྐྱེད༌ནས། ནམ༌བྱང༌ཆུབ༌སྙིང༌པོ༌ལ༌འདུག༌གི༌བར༌དུ༌སེར༌སྣ༌དང༌ལྷན༌ཅིག༌མི༌གནས༌པ༌འདི༌ནི། བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌མཚམས༌མེད༌པ༌གཉིས༌པའོ། ། 3.ནམ༌བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌སེམས༌ཅན༌ཐམས༌ཅད༌ལ༌བདག༌གིས༌རྣམ༌པ༌ཐམས༌ཅད༌ཀྱིས༌ཡོངས༌སུ༌བསྐྱབ༌བོ༌སྙམ༌དུ༌སེམས༌མི༌སྐྱེད༌པའི༌ཚུལ༌གྱིས༌དེ༌ལྟར༌སེམས༌བསྐྱེད༌ནས༌བར༌མ༌དོར༌མི༌ནུར༌བ༌དེ༌ནི། བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོའི༌མཚམས༌མེད༌པ༌གསུམ༌པའོ། ། 4.བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌དོན༌དམ༌པར༌ན༌ཆོས༌ཐམས༌ཅད༌མ༌སྐྱེས༌པ། མ༌བྱུང༌བ། དངོས༌པོ༌མེད༌པའོ༌ཞེས༌བཟོད༌པ༌མ༌ཐོབ༌པའི༌ཚུལ༌གྱིས༌བཟོད༌པ༌ཐོབ༌ནས༌བར༌དུ༌རྫས༌དང༌། ངོ༌བོ༌དང༌། དངོས༌པོར༌འཛིན༌པ༌ལེན༌པས༌མ༌ཟིན༌པ༌འདི༌ནི། བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོའི༌མཚམས༌མེད༌པ༌བཞི༌པའོ། ། 5.ནམ༌བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོ༌སྐད༌ཅིག༌གཅིག༌དང༌ལྡན༌པའི༌ཤེས༌རབ༌ཀྱིས༌ཆོས༌ཐམས༌ཅད༌རྣམ༌པ༌ཐམས༌ཅད༌མངོན༌པར༌རྫོགས༌པར༌བྱང༌ཆུབ༌པར༌བྱའོ། ། ཞེས༌དེ༌ལྟར༌མ༌སྐྱེས༌པའི༌ཚུལ༌གྱིས༌མ༌ཐོབ༌ཀྱི༌བར༌དུ༌མི༌འདུག ཀུན༌ཏུ༌མི༌འདུག༌པ༌དེ༌ནི། བྱང༌ཆུབ༌སེམས༌དཔའ༌སེམས༌དཔའ༌ཆེན༌པོའི༌མཚམས༌མེད༌པ༌ལྔ༌པའོ། །

Tibetan Source 《མདོ༌ཕ༌པ༌》ཤ༌403བ༌2ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number