571
| Tibetan | ཚུལ་ཁྲིམས་རྣམ་པ་གཉིས། |
|---|---|
| Tibetan Alternate | |
| Tibetan Definition | འདི་ལ་ཁག་ཉི་ཤུ་ཐམ་པ་ཡོད་པ་སྟེ། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་ཁག་བཅུ་གཅིག་ཡོད་པ་སྟེ།
ཁག་དང་པོ། 1.ལྷན་ཅིག་སྐྱེས་པ་ནི། བཅོས་མ་མ་བྱས་པའོ། ། 2.འདུ་བ་ནི། བཅོས་མ་བྱས་པའོ། ། ཁག་གཉིས་པ། 1.ཁྱིམ་ན་གནས་པའི་སྤྱོད་པ་ནི། བསླབ་པའི་གཞི་ལྔའི་སྤྱོད་པའོ། ། 2.ཁྱིམ་ན་མི་གནས་པའི་སྤྱོད་པ་ནི། བསླབ་པའི་གཞི་སོ་སོར་ཐར་པས་རབ་ཏུ་བྱུང་བ་རྣམས་ཀྱིའོ། ། ཁག་གསུམ་པ། 1.སྣ་གཅིག་སྤྱོད་པ་ནི། བསླབ་པའི་གཞི་གཅིག་འཛིན་པའོ། ། 2.དུ་མ་སྤྱོད་པ་ནི། གཉིས་སམ། གསུམ་འཛིན་པའོ། ། ཁག་བཞི་པ། 1.སྐྱེ་མཆེད་ནི། ཚེ་རབས་ཐམས་ཅད་དུ་བསླབ་པའི་གཞི་འཛིན་པའོ། ། 2.སྐྱེ་མཆེད་མ་ཡིན་པ་ནི། འདི་ལྟར་སེམས་ཀྱི་ཁྱད་པར་གྱིས་སམ། སྤྲོ་བའི་ཁྱད་པར་གྱིས་བསླབ་པའི་གཞི་འཛིན་པའོ། ། ཁག་ལྔ་པ། 1.རྙོག་པ་དང་བཅས་པ་ནི། མཐོ་རིས་སུ་སྐྱེ་བར་འདོད་པའི་སེམས་སོ། ། 2.རྙོག་པ་མེད་པ་ནི། མྱ་ངན་ལས་འདའ་བར་འགྲོ་བར་འདོད་པའོ། ། ཁག་དྲུག་པ། 1.འཇིག་རྟེན་པ་ནི། ཟག་པ་དང་བཅས་པའོ། ། 2.འཇིག་རྟེན་ལས་འདས་པ་ནི། ཟག་པ་མེད་པའོ། ། ཁག་བདུན་པ། 1.བདག་འཛིན་པ་ནི། བདག་ཉིད་ཀྱིས་ཚུལ་ཁྲིམས་འཛིན་པའོ། ། 2.གཞན་འཛིན་པ་ནི། གཞན་ཡང་རིགས་པའི་ཚུལ་ཁྲིམས་ལ་འཇོག་པར་བྱེད་པའོ། ། ཁག་བརྒྱད་པ། 1.འཇུག་པ་ནི། འཁོར་བར་འཇུག་པར་བྱེད་པའོ། ། 2.ལྡོག་པ་ཡེ་ཤེས་ཀྱི་རྒྱུ་སྟེ། མི་སློབ་པའི་ཡེ་ཤེས་ལ་དམིགས་པའོ། ། ཁག་དགུ་པ། 1.ཡེ་ཤེས་དང་ལྡན་པ་ནི། མྱ་ངན་ལས་འདས་པ་ཐོབ་པའོ། ། 2.སྦྱིན་པ་དང་ལྡན་པ་ནི། ལོངས་སྤྱོད་ཆེན་པོ་ཐོབ་པའོ། ། ཁག་བཅུ་པ། 1.ཕྱི་རོལ་ཏུ་སྤྱོད་པ་འཇུག་པ་ནི། ལུས་ལ་མི་རྟེན་པའོ། ། 2.ནང་དུ་སྤྱོད་པ་འཇུག་པ་ནི། སེམས་རབ་ཏུ་དད་པས་བྱས་པའི་སེམས་དང་ངག་གོ ། ཁག་བཅུ་གཅིག་པ། 1.གོམས་པ་ནི། ཚེ་རབས་དུ་མ་དག་ཏུ་གོམས་པའོ། ། 2.མ་གོམས་པ་ནི། ཚེ་གཅིག་ཏུ་གོམས་པའོ། ། |
| Tibetan Source | 《མདོ་འ་པ་》ཤ་161བ་7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |