5710

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚམས༌མེད༌པ༌ལྔ༌དང༌ཉེ༌བའི༌ལས༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། སེམས༌ཅན༌དམྱལ༌བ༌གཞན༌ནས༌སྡུག༌བསྔལ༌ཆེ༌བ༌ཡིན༌ཡང༌མཚམས༌མེད༌པའི༌སྡུག༌བསྔལ༌ཁོ༌ན༌ཙམ༌དུ༌ཚ༌ཞིང༌ཡུན༌རིང༌བ༌ཉིད༌མ༌ཡིན༌པའི༌ཕྱིར༌མཚམས༌མེད༌པ༌དང༌ཉེ༌བ༌ཞེས༌བྱ༌སྟེ།

1.དགྲ༌བཅོམ༌མ༌སུན༌པར༌བྱས༌པ༌ནི། མ༌ཡང༌ཡིན༌ལ༌དགྲ༌བཅོམ༌པ༌ཐོབ༌པ༌ལ༌མི༌ཚངས༌པར༌སྤྱོད༌པ༌འཁྲིག༌པའི༌ཆོས༌བྱས༌ན༌དགྲ༌བཅོམ༌མ༌སུན༌པར༌བྱས༌པའོ། ། 2.བྱང༌ཆུབ༌སེམས༌དཔའ༌ངེས༌པའི༌ས༌ལ༌གནས༌པ༌བསད༌པ༌ནི། ས༌དང༌པོ༌ཡན༌ཆད༌ས༌བཅུ༌པ༌མན༌ཆད༌ལ༌གནས༌པའི༌བྱང༌ཆུབ༌སེམས༌དཔའི༌སྲོག༌བཅད༌པ༌ནི༌བྱང༌ཆུབ༌སེམས༌དཔའ༌ངེས༌པའི༌ས༌ལ༌གནས༌པ༌སྲོག༌བཅད༌པའོ། ། 3.སློབ༌པ༌བསད༌པ༌ནི། རྒྱུན༌དུ༌ཞུགས༌པ༌ནས༌དགྲ༌བཅོམ༌པ༌ཉིད༌མ༌ཐོབ༌པ༌གང༌ཟག༌བདུན༌པོ༌དག༌སྲོག༌བཅད༌པ༌ནི༌སློབ༌པ༌བསད༌པའོ། ། 4.དགེ༌འདུན༌འདུ༌བའི༌སྒོ༌ཕྲོགས༌པ༌ནི། དགེ༌འདུན༌སྤྱིར༌མངའ༌བའི༌ཞལ༌ཟས༌དང༌། ཕྱུགས༌ནོན༌སྤྱི༌སྤུང༌ལས༌གང༌ཟག༌གིས༌སྒེར༌སྤྱོད༌དམ༌རྐུ༌འཕྲོགས༌བྱེད༌པ༌ནི༌དགེ༌འདུན༌འདུ༌སྒོ༌འཕྲོགས༌པའོ། ། 5.མཆོད༌རྟེན༌འཇིག༌པ༌ནི། གཙུག༌ལག༌ཁང༌དང༌། སྐུ༌གཟུགས༌དང༌། མཆོད༌རྟེན༌ལྟ༌བུ༌ངན༌སེམས༌ཀྱིས༌འདྲལ༌ཞིང༌གཅིག༌པ༌ལ༌སོགས༌པ༌ནི༌མཆོད༌རྟེན༌འཇིག༌པའོ། །

Tibetan Source 《དཔལ༌བརྩེགས༌ཆོས༌ཀྱི༌རྣམ༌གྲངས༌ཀྱི༌བརྗེད༌བྱང༌》ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number