5714

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan མཚུངས༌པར༌ལྡན༌པ༌རྣམ༌པ༌ལྔ།
Tibetan Alternate
Tibetan Definition འདི༌ལ༌ཁག༌གཉིས༌ཡོད༌པ༌སྟེ།

རྣལ༌འབྱོར༌སྤྱོད༌པའི༌ས༌ལས༌བྱུང༌བ༌ཁག༌གཅིག༌སྟེ། 1.གཞན༌གྱི༌དངོས༌པོས༌མཚུངས༌པར༌ལྡ༌གྱི། རང༌གི༌དངོས༌པོས༌ནི༌མ༌ཡིན༌ནོ། ། 2.གཞན༌གྱི༌དངོས༌པོས༌མཚུངས༌པར༌ལྡན༌པ༌ལ༌ཡང༌མི༌མཐུན༌པ༌མ༌ཡིན༌པ༌རྣམས༌མཚུངས༌པར༌ལྡན༌གྱི། མི༌མཐུན༌པ༌རྣམས༌ནི༌ཡིན༌ནོ། ། 3.མི༌མཐུན༌པ༌མ༌ཡིན༌པ༌རྣམས༌མཚུངས༌པར༌ལྡན༌པ༌ལ༌ཡང༌ཆུང༌ངུ༌དང༌འབྲིང༌དང༌ཆེན༌པོ༌རྣམས༌ཉིད༌དང༌མཚུངས༌པར༌ལྡན༌གྱི། གཞན༌རྣམས༌གཞན༌དག༌དང༌མཚུངས་པར༌ལྡན༌པ༌ནི༌མ༌ཡིན༌ནོ། ། 4.ཆུང༌ངུ༌དང༌འབྲིང༌དང༌ཆེན༌པོ༌རྣམས༌མཚུངས༌པར༌ལྡན༌པ༌ཡང༌དེའི༌ཚེ༌འབྱུང༌བ༌རྣམས༌ཉིད༌དེའི༌ཚེ༌བྱུང༌བ༌རྣམས༌དང༌མཚུངས༌པར༌སྡན༌གྱི། གཞན༌གྱི༌དུས༌སུ༌བྱུང༌བ༌རྣམས༌གཞན༌གྱི༌དུས༌སུ༌བྱུང༌བ༌རྣམས༌དང༌མཚུངས༌པར༌ལྡན༌པ༌ནི༌མ༌ཡིན༌ནོ། ། 5.དེའི༌ཚེ༌འབྱུང༌བ༌རྣམས༌ཀྱང༌དེའི༌དུས༌སུ༌དེའི༌ས༌པ༌རྣམས༌ཉིད༌དེའི༌ས༌པ༌རྣམས༌དང༌མཚུངས༌པར༌ལྡན༌གྱི། གཞན༌གྱི༌ས༌པ༌རྣམས༌དང༌མཚུངས༌པར༌ལྡན༌པ༌ནི༌མ༌ཡིན༌པའོ། །

Tibetan Source 《བསྟན༌འགྱུར༌སེམས༌ཙམ༌ཚི༌པ༌》ཤ༌164བ༌4ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number