5718

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan འཛམ༌བུ༌གླིང༌གི༌གནས༌ཆེན༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། མཛད༌གནས༌གསུམ༌པ༌ལས༌བྱུང༌བ༌སྟེ།

1.དབུས༌སུ༌རྒྱ༌གར༌རྡོ༌རྗེ༌གདན༌བསྐལ༌བཟང༌གི༌སངས༌རྒྱས༌ཐམས༌ཅད༌ཀྱི༌ཆོས༌ཀྱི༌འཁོར༌ལོ༌བསྐོར༌བའི༌གནས། 2.ཤར༌ན༌རྒྱ༌ནག༌རི༌བོ༌རྩེ༌ལྔ༌འཇམ༌དཔལ༌དབྱངས༌ཀྱི༌གནས། 3.ལྷོ༌ན༌རི༌བོ༌གྲུ༌འཛིན༌ནམ༌པོ༌ཏ༌ལ༌འཕགས༌པ༌སྤྱན༌རས༌གཟིགས༌དང༌སྒྲོལ༌མའི༌གནས། 4.ནུབ༌ན༌ཨོཌཱི༌ཡ༌ན༌གསང༌བདག༌ཕྱག༌ན༌རྡོ༌རྗེའམ༌མཁའ༌འགྲོ༌མའི༌གནས། 5.བྱང༌ན༌ཤམྦྷ༌ལ༌ཟླ༌བཟང༌སོགས༌ཆོས༌རྒྱལ༌བདུན༌དང༌རིགས༌ལྡན༌རྒྱལ༌པོ༌ཉེར༌ལྔ། ཚངས༌དངབ༌ལྷ༌དབང༌སོགས༌ཆོས༌རྒྱལ༌བཅུ༌རྣམས༌སངས༌རྒྱས༌འཇིག༌རྟེན༌དུ༌བྱེན༌པ༌ནས༌བཟུང༌སངས༌རྒྱས༌ཤཱཀྱ༌ཐུབ༌པའི༌བསྟན༌པ༌མ༌རྫོགས༌ཀྱི༌བར༌རིམ༌བཞིན༌འབྱུང༌བའི༌གནས༌དང༌ལྔའོ། ། གནས༌ཉི༌ཤུ༌རྩ༌བཞི༌དང༌དཔའ༌བོ༌མཁའ༌འགྲོ༌རྣམས༌འཛམ༌གླིང༌འདིར༌ཡོད༌ལ༌གླིང༌གཞན༌ན༌མེད༌གསུངས༌སོ། །

Tibetan Source 《ཀློང༌རྡོལ༌གསུང༌འབུམ༌》གླེགས༌བམ༌དང༌པོ༌ཤ༌575.17ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number