5730

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྫུན༌སྨྲ༌བ༌ཕམ༌པ༌སོགས༌སུ༌འགྱུར༌བ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། འདུལ༌བརྣམ༌འབྱེད༌ལས༌བྱུང༌བ༌སྟེ།

1.བརྫུན༌དུ༌སྨྲ༌བ༌ན། ཕམ༌པར༌འགྱུར༌བ༌ཡང༌ཡོད༌༷པ༌ནི། དགེ༌སློང༌མེད༌ལ༌མེད༌བཞིན༌དུ༌མིའི༌ཆོས༌བླ༌མ༌སྨྲ༌བའོ། ། 2.བརྫུན༌དུ༌སྨྲ༌བ༌ན། དགེ༌འདུན༌ལྷག༌མར༌འགྱུར༌བ༌ཡང༌ཡོད༌པ༌ནི། དགེ༌སློང༌ཁྲོས༌ཤིང༌ཞེ༌ལྡང༌བར༌གྱུར༌ནས༌ཅི༌ནས༌ཀྱང༌འདི༌ཚངས༌པར༌སྤྱོད༌པ༌དང༌དབྲལ༌ལོ། ། སྙམ༌ནས༌དགེ༌སློང༌དག༌པ༌ལྟུང༌བ༌མེད༌པ༌ལ༌གཞི༌མེད༌པར༌ཕམ༌པར༌འགྱུར༌བའི༌ཆོས༌ཀྱིས༌སྐུར༌པ༌འདེབས༌པའོ། ། 3.བརྫུན༌དུ༌སྨྲ༌བ༌ན། ཉེས༌པ༌སྦོམ༌པོར༌འགྱུར༌བ༌ཡང༌ཡོད༌པ༌ནི། དགེ༌སློང༌དགེ༌འདུན༌གྱི༌ནང༌དུ༌ཆེད༌དུ༌བསམ༌སྟེ༌ཆོས༌མ༌ཡིན༌པ༌ཆོས༌སུ༌སྟོན༌པ༌དང༌། ཆོས༌ཆོས༌མ༌ཡིན༌པར༌སྟོན༌པ༌དང༌། འདུལ༌བ༌མ༌ཡིན༌པ༌འདུལ༌བར༌སྟོན༌པ༌དང༌། འདུལ༌བ༌འདུལ༌བ༌མ༌ཡིན༌པར༌སྟོན༌པའོ། ། 4.བརྫུན༌དུ༌སྨྲ༌བ༌ན། ལྟུང༌བྱེད༌དུ༌འགྱུར༌བ༌ཡང༌ཡོད༌པ༌ནི། བརྫུན༌དུ༌སྨྲ༌བ༌རྣམ༌པ༌བཞི༌སྨོས༌པ༌དེ༌དག༌མ༌གཏོགས༌པ༌བརྫུན༌དུ༌སྨྲ༌བ༌གང༌ཡིན༌པ༌དེ༌དག༌ཐམས༌ཅད༌ནི། ལྟུང༌བྱེད༌དུ༌འགྱུར༌རོ། ། 5.བརྫུན༌དུ༌སྨྲ༌བ༌ན། ཉེས༌བྱས༌སུ༌འགྱུར༌བ༌ཡང༌ཡོད༌པ༌ནི། དགེ༌སློང༌ཟླ༌བ༌ཕྱེད༌ཕྱེད༌ཅིང༌སོ༌སོར༌ཐར༌པའི༌མདོ༌གདོན༌པ༌ན། ཅི། འདི༌ལ༌ཁྱེད༌ཡོངས༌སུ༌དག༌གམ༌ཞེས༌དྲིས༌པ༌ན། ཡོངས༌སུ༌མ༌དག༌བཞིན༌དུ༌ཅང༌མི༌སྨྲ༌བར༌སྡོད༌པའོ། །

Tibetan Source 《འདུལ༌བ༌ཆ༌པ༌》ཤ༌314བ༌4ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number