574
| Tibetan | ཚུལ་ཁྲིམས་རྣམ་པ་གཉིས། |
|---|---|
| Tibetan Alternate | |
| Tibetan Definition | མྱང་འདས་ལེའུ་བཅུ་གཉིས་པ་འོད་སྲུང་གིས་དྲིས་པའི་ལེའུ་ལས་བྱུང་བ་ཁག་དྲུག་ཡོད་པ་སྟེ།
ཁག་དང་པོ། 1.ཆོ་གའི་ཚུལ་ཁྲིམས། 2.ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དང་གཉིས་སོ། ། གང་ཆོ་གའི་ཚུལ་ཁྲིམས་འབའ་ཞིག་དང་ལྡན་ཏེ། ཚུལ་ཁྲིམས་ཀྱི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། ཁག་གཉིས་པ། 1.བྱེད་པའི་ཚུལ་ཁྲིམས། 2.མི་བྱེད་པའི་ཚུལ་ཁྲིམས་སོ། ། གང་བྱེད་པའི་ཚུལ་ཁྲིམས་འབའ་ཞིག་དང་ལྡན་ལ། མི་བྱེད་པའི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། ཁག་གསུམ་པ། 1.ལུས་དང་ངག་གིས་ཡང་དག་པའི་འཚོ་བ་ཐོབ་པ། 2.ལུས་དང་ངག་གིས་ཡང་དག་པའི་འཚོ་བ་མ་ཐོབ་པའོ། ། གང་ལུས་དང་ངག་གིས་ཡང་དག་པའི་འཚོ་བ་མ་ཐོབ་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། ཁག་བཞི་པ། 1.ཚོལ་བའི་ཚུལ་ཁྲིམས། 2.གཏོང་བའི་ཚུལ་ཁྲིམས་སོ། ། གང་སྲིད་པ་ཚོལ་བའི་ཚུལ་ཁྲིམས་ཚུལ་འབའ་ཞིག་དང་ལྡན་ཏེ། གཏོང་བའི་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། ཁག་ལྔ་པ། 1.སྲིད་པ་ལ་གཞོལ་བའི་ཚུལ་ཁྲིམས། 2.བྱང་ཆུབ་ལ་གཞོལ་བའི་ཚུལ་ཁྲིམས་སོ། ། གང་སྲིད་པ་འབའ་ཞིག་ལ་གཞོལ་བའི་ཚུལ་ཁྲིམས་དང་ལྡན་ཞིང་། བྱང་ཆུབ་ལ་གཞོལ་བའི་ཚུལ་ཁྲིམས་དང་མི་ལྡན་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། ཁག་དྲུག་པ། 1.དགེ་བའི་ཚུལ་ཁྲིམས། 2.མི་དགེ་བའི་ཚུལ་ཁྲིམས་སོ། ། དེ་ལ་ལུས་དང་ངག་དང་ཡིད་དགེ་བ་ནི་དགེ་བའི་ཚུལ་ཁྲིམས་སོ། ། བ་ལང་གི་བརྟུལ་ཞུགས་དང་ཁྱིའི་བརྟུལ་ཞུགས་ནི་མི་དགེ་བའི་ཚུལ་ཁྲིམས་ཏེ། གང་ཞིག་ཚུལ་ཁྲིམས་དེ་གཉིས་ལ་དགེ་བའི་འབྲས་བུ་ཡོད་པར་ཡིད་ཆེས་པ་ནི་ཚུལ་ཁྲིམས་དང་མི་ལྡན་པ་ཞེས་བྱའོ། ། |
| Tibetan Source | 《མྱང་འདས་ཁ་པ་》ཤ་353 4 7ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |