5763
| Tibetan | ཟིན༌པའི༌ཆོས༌རྣམས༌ཀྱི༌རབ༌ཏུ༌དབྱེད༌བ༌རྣམ༌པ༌ལྔ། |
|---|---|
| Tibetan Alternate | |
| Tibetan Definition | དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌ས་རྣམ༌པར༌གཏན༌ལ༌དབབ༌པ༌བསྡུབ༌ལས༌བྱུང༌བ༌སྟེ།
1.རེ༌ཞིག༌དང༌པོར༌གཟུགས༌འབའ༌ཞིག༌ཟིན༌པ༌ཡིན༌༷པར༌བལྟ༌བར༌བྱ༌སྟེ། དེའི༌ཕྱིར༌དེ༌ནི༌སེམས༌དང༌སེམས༌ལས༌བྱུང༌བའི༌ཆོས༌རྣམས༌ཟིན༌པ༌མ༌ཡིན༌པར༌དེ༌དག༌བསལ༌བར༌བྱས༌པ༌ཡིན༌ནོ། ། 2.ནང༌གི༌དབང༌པོ༌དང༌འབྲེལ༌བའི༌གཟུགས༌གང༌དག༌ཡིན༌པ༌དེ༌ཟིན༌པ༌ཡིན༌པར༌བལྟ༌བར༌བྱ༌སྟེ། དེའི༌ཕྱི༌དེ༌ནི༌དབང༌པོ༌དང༌མ༌འབྲེལ༌བ༌ཕྱི༌རོལ༌གྱི༌གཟུགས༌ཟིན༌པ༌མ༌ཡིན༌པར༌དེ༌བསལ༌བར༌བམས༌པ༌ཡིན༌ནོ། ། 3.སེམས༌དང༌སེམས༌ལས༌བྱུང༌བའི༌ཆོས༌རྣམས༌ཀྱིས༌གནས༌སུ༌བྱས༌ཤིང༌མ༌སྤངས༌པའི༌གཟུགས༌གང༌ཡིན༌པ༌དེ༌ནི༌ཟིན༌པ༌ཡིན༌པར༌བལྟ༌བར༌བྱ༌སྟེ། དེའི༌ཕྱིར༌དེས༌ནི༌དབང༌པོ༌དང༌མ༌འབྲེལ༌པ༌ནང༌གི༌སྐྲ༌དང༌། སྤུ༌དང༌། སེན༌མོ༌དང༌། སོ༌ལ༌སོགས༌པ༌དང༌། ཤི༌བའི༌རོ༌དག༌ཟིན༌པ༌མ༌ཡིན༌པར༌དེ༌བསལ༌བར༌བྱས༌པ༌ཡིན༌ནོ། ། 4.ཟིན༌པའི༌གཟུགས༌དེ༌ཡང༌རྒྱུ༌བཞིས༌རྣམ༌པར༌འགྱུར༌བས༌དེའི༌ཕྱིར༌ཟིན༌པ༌ཞེས༌བྱ༌སྟེ། (1)ཕྱི༌རོལ༌གྱི༌གཟུགས༌ཀྱི༌རེག༌པ༌དང༌ཕྲད༌པ༌དང༌ནང༌དོར༌གི༌ཁྱས༌འཁྲུགས༌པ༌དང༌མཉམ༌པར༌གྱུར༌པ༌དང༌། འདོད༌ཆགས༌དང༌། ཞེ༌སྡང༌ལ༌སོགས༌པ༌ཉོན༌མོངས༌པ༌ཀུན༌ཏུ༌འབྱུང༌བ༌དང༌། དམིགས༌པ༌ལ༌ཉེ༌བར༌གཏོད༌པ༌སྟེ། འདི༌ལྟར༌ཟིན༌པའི༌གཟུགས༌ལ༌ཕྱི༌རོལ༌གྱི༌གཟུགས༌གནོད༌པར༌བྱེད༌པས༌གནོད༌པར༌གྱུར༌པ༌ན། སྡུག༌བསྔལ༌བ༌དང༌། ན༌བ༌དང༌། གནོད༌པར༌འགྱུར༌ལ། ཕན༌འདོགས༌པས༌རེག༌པ༌ན༌བདེ༌བ༌དང༌། ཕན༌པ༌དང༌། མི༌གནོད༌པར༌འགྱུར༌བ། (2)ཁམས༌འཁྲུགས༌པས༌སྡུག༌བསྔལ༌བ༌དང༌། གནོད༌པར༌འགྱུར༌ལ༌སྙོམས༌པས༌ཕན༌པར༌འགྱུར༌བ། (3)འདོད༌པ༌ལ༌དུན༌པ༌ལ༌སོགས༌པ༌ཉེ༌བའི༌ཉོན༌མོངས༌པ༌རྣམས༌ཀྱིས༌སྡུག༌བསྔལ༌བ༌དང༌། ཉེས༌རྩོམ༌དང༌། ཡོངས༌སུ༌གདུང༌བར༌འགྱུར༌བ། (4)དམིགས༌པ༌ལ༌ལོག༌པར༌ཉེ༌བར༌གཏོད༌པ༌དག༌གིས༌ཀྱང༌སྡུག༌བསྔལ༌བ༌དང༌། ཉེས༌རྩོམ༌དང༌། ཡོངས༌སུ༌གདུང༌བར༌འགྱུར༌ལ། དམིགས༌པ༌ལ༌ཤིན༌ཏུ༌སྤྱངས༌པས༌ཡང༌དག༌པར༌ཉེ༌བར༌གཏོད༌པས༌ནི༌བདེ༌བ༌དང༌ཕན༌པར༌འགྱུར༌བའི༌ཕྱིར༌གནོད༌པ༌དང༌། ཕན༌འདོགས༌པ༌གང༌ཡིན༌པ༌དེ༌ནི༌འགྱུར༌བ༌ཞེས༌བྱའོ། ། 5.དེ༌ལྟར༌ན༌ནང༌གི༌ཡང༌ཡིན༌ལ༌གཟུགས༌ཀྱང༌ཡིན༌ཞིང༌། སེམས༌དང༌སེམས༌ལས༌བྱུང༌བས༌གནས༌སུ༌བྱས༌པ༌དང༌། དེ༌ལྟར༌འགྱུར༌བ༌གང༌ཡིན༌པ༌དེ༌ནི༌ཟིན༌པ༌ཞེས༌བྱ༌བའོ། ། དེ༌ལས༌བཟློག༌པ༌ནི༌མ༌ཟིན༌པའི༌ཆོས༌རྣམས༌ཡིན༌པར༌རིག༌པར༌བྱའོ། ། |
| Tibetan Source | 《བསྟན༌འགྱུར༌སེམས༌ཙམ༌ཞི༌པ༌》ཤ༌216བ༌5ལས༌བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |