5765

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟློས༌གར༌གྱི༌མཚམས༌སྦྱོར༌གྱི༌ཡན༌ལག༌ལྔ།
Tibetan Alternate
Tibetan Definition 1.སྒོ༌ནི། སྒོའི༌མཚམས༌སྦྱིར༌ནི༌དྲི༌བ།

2.ལན༌གྱི༌སྒོ༌ནི། ལན༌གྱི༌སྒོའི༌མཚམས༌སྦྱོར༌ནི༌དྲི༌ལན༌ཏེ༌ཕན༌ཚུན༌དྲི༌བ༌དྲི༌ལན༌གྱི༌རྣམ༌པ༌བྱེད༌རྒྱུད༌དུ༌མ༌ཞིག༌ཡོད༌པའི༌མིང༌། 3.སྙིང༌པོ༌ནི། སྐབས༌འགར༌གྲོས༌བྱེད༌པ༌ལྟ༌བུའི༌ཚིག༌མང༌པོ༌ཕན༌ཚུན༌དུ༌སྨྲས༌པའི༌མཐར༌གྲོས༌ཐག༌བཅད༌པའི༌ཚུལ༌གྱིས༌གཏན༌ལ༌ཕབ༌པ༌ལ༌སྙིང༌པོ༌ཟེར། 4.མི༌བཟོད༌པ༌ནི། མཚང༌ནས༌འབྲུ༌བའི༌བརྗོད༌པས༌དེའི༌རང༌མཚང༌ལ༌ཕོག༌པའི༌རྣམ༌པས༌མི༌བཟོད༌པའི༌ཚུལ༌བྱེད༌པའོ། ། 5.ངེས༌ཐོབ༌ནི། ཐེ༌ཚོམ༌དང༌བཅས༌པའི༌བརྗོད༌པ༌མང༌པོའི༌མཐར༌དོན༌གཅིག༌ལ༌ངེས༌པ༌རྙེད༌པ༌ལྟར༌བྱེད༌པའོ། ། སྒོའི༌ཡན༌ལག༌བཅུ༌གཉིས༌ཏེ། (1)ཉེ༌བར༌ལེན༌པ། (2)ཉེ༌བར༌མཁོ༌བ། (3)ཡོངས༌སུ༌འཇོག༌པ། (4)རྣམ༌པར༌སྲེད༌པ། (5)རིག༌པ། (6)ཐོབ༌པ། (7)མཉམ༌པར༌འཇོག༌༷པ། (8)སྒྲུབ༌པ། (9)བརྙེས༌པ། (10)དབྱེ༌བ། (11)དབྱེ༌བར༌བྱེ༌པ༌རྣམས༌ནི༌སྒོའི༌ཡན༌ལག༌ཡིན༌ནོ། ། ལན༌གྱི༌སྒོའི༌ཡན༌ལག༌ནི༌བཅུ༌གཅིག༌སྟེ། (1)ཡོངས༌སུ༌འགྲོ༌བ། (2)རྣན༌པར༌འདར༌བ། (3)གདུང༌བ། (4)རྩེད༌མོ། (5)རྩེད༌མོའི༌མདངས། (6)རབ༌ཏུ༌འགྲོ༌བ། (7)འགལ༌བ། (8)ཉེ༌བར༌གནས༌པ། (9)མ༌དག༌པ། (10)སྐྱེ༌བོ༌འགོད༌པར༌བྱེད༌པ། (11)ཡི༌གེ༌བསྡུ༌བ༌རྣམས༌ནི༌ལན༌གྱི༌སྒོའི༌ཡན༌ལག༌རྣམས༌སོ། ། སྙིང༌པོའི༌ཡན༌ལག༌ནི༌དགུ༌སྟེ། (1)མ༌བྱུང༌བ༌དཔེར༌བརྗོད༌པ། (2)ལམ༌གྱི༌རང༌བཞིན༌དཔེར༌བརྗོད༌པའི༌རིམ༌པ༌བསྡུ༌བ། (3)རྗེས༌སུ༌དཔག༌པ། (4)སློང༌བ། (5)བརྟག༌དཔྱད། (6)གཟེར༌བ། (7)སྟོབས༌ལྷག༌པ། (8)ཡིད༌འབྱུང༌བ། (9)འཚབ༌པ༌རྣམས༌ནི༌སྙིང༌པོའི༌ཡན༌ལག༌རྣམས༌སོ། ། མི༌བཟོད༌པའི༌ཡན༌ལག༌ནི༌བཅུ༌གཅིག༌སྟེ། (1)རྒོལ༌བ། (2)འཐོར༌བ། (3)འཛག༌པ། (4)ནུས༌པ། (5)ཕན༌ཚུན༌དུ༌གནས༌པ། (6)འགྲོ༌བ༌གསལ༌བ། (7)འབྱེད༌པ། (8)འགོག༌པ། (9)འགལ༌བ། (10)ལེན༌པ། (11)འདྲིད༌པ། (12)རབ༌ཏུ༌སྲེད༌པ༌ནི༌མི༌བཟོད༌པའི༌ཡན༌ལག༌རྣམས༌སོ། ། ངེས༌ཐོབ༌ཀྱི༌ཡན༌ལག༌བཅུ༌གཉིས༌ཏེ། (1)མཚམས༌སྦྱོར། (2)འགོག༌པ། (3)སྤེལ༌བ། (4)གཏན༌ལ༌ཕབ༌པ། (5)སྨོད༌པ༌གསལ༌བ། (6)རབ༌དྭངས། (7)ཀུན༌དགའ། (8)དུས། (9)ཉེ༌བར༌སྦེད༌པ། (10)བསམ༌པ༌སྔ༌མ༌འཆད༌པ། (11)སྙན༌ངག༌བསྔུ༌བ། (12)རང༌གིས༌སྟོན༌པ༌རྣམས༌ནི༌ངེས༌ཐོབ༌ཀྱི༌ཡན༌ལག༌རྣམས༌སོ། །

Tibetan Source 《ཤེས༌བྱ༌ཀུན༌ཁྱབ༌》དེབ༌བར༌ཆ༌ཤ༌331.19ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number