5788

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས༌ཀྱི༌རྒྱུ༌རྣམ༌པ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། ཕུང༌པོ༌ལྔའི༌བཤད༌པ༌ལས༌བྱུང༌བ༌སྟེ།

1.སྐྱེད༌པ༌ནི། དེ༌ལ༌ས༌བོན༌མེད༌ན༌མྱུ༌གུ༌མི༌སྐྱེ༌བ༌བཞིན༌དུ༌འབྱུང༌བ༌ཆེན༌པོ༌བཞི༌མེད༌ན༌རྒྱུར༌བྱས༌པའི༌གཟུགས༌མི༌སྐྱེ༌བས༌ན༌སྐྱེད༌པའི༌རྒྱུ༌བྱེད༌དོ། ། 2.བརྟེན༌པ༌ནི། འབྱུང༌བ༌ཆེན༌པོ༌བཞི༌ལ༌མ༌བརྟེན༌པར༌རྒྱུར༌བྱས༌པའི༌གཟུགས༌དག༌ལོགས༌ཤིག༌ཏུ༌གནས༌པའི༌མཐུ༌མེད༌དེ། དེ༌བས༌བརྟེན༌པའི༌རྒྱུ༌བྱེད༌དོ། ། 3.གནས༌པ༌ནི། ཤིང༌བཅད༌ན༌གྲི༌བ༌མེད༌པར༌འགྱུར༌བ༌དེ༌བཞིན༌དུ། འབྱུང༌བ༌ཆེན༌པོ༌བཞི༌དག༌ཉམས༌སམ༌སྣད༌རྨས༌ན༌རྒྱུར༌བྱས༌པའི༌གཟུགས༌རྣམས༌ཀྱང༌ཉམས༌པར༌འགྱུར༌བས༌ན༌གནས༌པའི༌རྒྱུ༌བྱེད༌དོ། ། 4.རྟེན༌པ༌ནི། འབྱུང༌བ༌ཆེན༌པོ༌བཞི༌དཔེར༌ན༌རྒན༌པོ༌འཁར༌བ༌ལ༌བརྟེན༌ནས༌འགྲོ༌བ༌དང༌འདྲ༌བར༌སྐད༌ཅིག༌མའི༌རྒྱུན༌གྱིས༌སྐྱེ༌བ༌དང༌། རྒྱུར༌བྱས༌པའི༌གཟུགས༌རྣམས༌ཀྱི༌སྐད༌ཅིག༌མའི༌རྒྱུན༌ཀྱང༌རྒྱུན༌མི༌འཆད༌པར༌སྐྱེ༌བར༌བྱེད༌པས༌ན༌རྟོན༌པའི༌རྒྱུ༌བྱེད༌དོ། ། 5.འཕེལ༌བ༌ནི། འབྱུང༌བ༌ཆེན༌པོ༌བཞི༌བརྟས༌ཤིང༌སྨིན༌ན་རྒྱུར༌བྱས༌པའི༌གཟུགས༌ཀྱང༌བརྟས༌པར༌འགྱུར༌བས༌ན༌འཕེལ༌བའི༌རྒྱུ༌བྱེད༌དོ། ། འབྱུང༌བ༌ཆེན༌པོ༌བཞི༌གྲངས༌ཙམ༌བསྟན༌པ༌དམིགས༌ཀྱིས༌ཕྱེ༌སྟེ། བཤད༌པར༌བྱ༌བའི༌ཕྱིར༌སའི༌ཁམས༌དང༌། ཆུའི༌ཁམས༌དང༌། མེའི༌ཁམས༌དང༌། རླུང༌གི༌ཁམས༌སོ། ། ཞེས༌བཤད༌དོ། །

Tibetan Source 《བསྟན༌འགྱུར༌སེམས༌ཙམ༌སི༌པ༌》ཤ༌35ན3༌ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number