5789

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས༌ཀྱི༌རྡུལ༌ཕྲ༌རབ༌རྣམ༌པར༌གཞག༌པ༌རྣམ༌པ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌ས༌རྣམ༌པར༌གཏན༌ལ༌དབབ༌པ༌བསྡུ༌བ༌ལས༌བྱུང༌བ༌སྟེ།

1.ཡོངས༌སུ༌གཅོད༌པ༌རྣམ༌པར༌གཞག༌པ༌ནི། གཟུགས༌དབྲི༌བའི༌མཐའ༌བློས༌ཡོངས༌སུ༌དཔྱད༌པ༌ལས༌རྡུལ༌ཕྲ༌རབ༌རྣམ༌པར༌གཞག༌པར༌ཟད༌ཀྱི། ལུས༌གཟུགས༌ལས༌ནི༌མ༌ཡིན༌ཏེ། དེའི༌ཕྱིར༌རྡུལ༌ཕྲ༌རབ༌ཀྱི༌སྐྱེ༌བར༌ཡང༌མི༌འགྱུར། འགག༌པ༌ཡང༌མི༌འགྱུར༌ལ། རྡུལ༌ཕྲ༌རབ༌བསགས༌པ༌གཟུགས༌འདུས༌པ༌ཡང༌མ༌ཡིན༌ནོ། ། 2.རྣམ༌པར༌དབྱེ༌བ༌རྣམ༌པར༌གཤག༌པ༌ནི། རྣམ༌པར༌དབྱེ༌བ༌ལས༌རྣམ༌པར༌གཞག༌པ༌ནི༌མདོར༌བསྡུ༌ན༌རྡུལ༌ཕྲ༌རབ༌ནི༌རྣམ༌པ༌བཅོ༌ལྔ༌ཡོད༌དེ། (1)མིག༌ལ༌སོགས༌པ༌དབང༌པོའི༌རྡུལ༌ཕྲ༌རབ༌རྣམ༌པ༌ལྔ། (2)གཟུགས༌ལ༌སོགས༌པ༌ཡུལ༌གྱི༌རྡུལ༌ཕྲ༌རབ༌རྣམ༌པ༌ལྔ། (3)ས༌ལ༌སོགས༌པ༌འབྱུང༌བ༌རྣམས༌ཀྱི༌རྡུལ༌ཕྲ༌རབ༌རྣམ༌པ༌བཞི། (4)ཆོས༌ཀྱི༌སྐྱེ༌མཆེད༌དུ༌གཏོག༌པའི༌གཟུགས༌རྫས༌སུ༌ཡོད༌པའི༌རྡུལ༌ཕྲ༌རབ༌རྣམ༌པ༌གཅིག༌དང༌བཅོ༌ལྔའོ། ། 3.མ༌འདྲེས༌པ༌རྣམ༌པར༌གཞག༌པ༌ནི། རྫས༌ཀྱི༌རྡུལ༌ཕྲ༌རབ༌ཀྱི༌རང༌གི༌མཚན༌ཉིད༌རྣམ༌པར༌གཞག༌པ༌ལས༌སོ། ། 4.ལྷན༌ཅིག༌པ༌རྣམ༌པར༌གཞག༌པ༌ནི། རྡུལ༌ཕྲ༌རབ༌འདུས༌པའི༌སྟེ། འདི༌ལྟར༌ས༌ལ༌སོགས༌པ༌རྡུལ༌ཕྲ༌རབ༌ཀྱི༌ཕྱོགས༌གཅིག༌ན། དེ༌ལས༌གཞན༌པ༌དག༌ཕྱོགས༌གཅིག༌དང༌། ཐ༌མི༌དད༌པས༌རྡུལ༌ཕྲ༌རབ༌འདུས༌པ༌རྣམ༌པར༌གཞག༌པའི༌ཕྱིར༌རོ། ། 5.ཆ༌ཤས༌མེད༌པ༌རྣམ༌པར༌གཞག༌པ༌ནི། རྡུལ༌ཕྲ༌རབ༌རྣམ༌པར༌གཞག༌པ༌ལྔ༌ནི༌རྡུལ༌ཕྲ༌རབ༌འདུས༌པ༌ཡོད༌ན༌ནི༌རྡུལ༌ཕྲ༌རབ༌རྣམས༌ཆ༌ཤས༌ཡིན༌གྱི། རྡུལ༌ཕྲ༌རབ༌རྣམས༌ནི༌འདུས༌པ༌མ༌ཡིན༌པའི༌ཕྱིར༌ཆ༌ཤས༌གཞན༌མེད༌དེ། རྡུལ༌ཕྲ༌རབ༌ཀྱི༌ཕྱོགས༌གང༌ཡིན༌པ༌དེ༌ནི༌དེ༌ཉིད༌ཀྱི༌ཕྱོགས༌ཡིན༌གྱི༌ཆ༌ཤས༌ཀྱིས༌རབ༌ཏུ༌ཕྱེ༌བ༌ནི༌མ༌ཡིན། །

Tibetan Source 《བསྟན༌འགྱུར༌སེམས༌ཙམ༌ཞི༌པ༌》ཤ༌49བ༌5ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number