5790

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan གཟུགས༌ཅན༌གྱི༌རྫས༌རྣསམ༌སྐྱེ༌བ༌མདོར༌བ༌དྡུ༌ན༌རྣམ༌པ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། རྣལ༌འབྱོར༌སྤྱོད༌པའི༌སྲྣམ༌པར༌གཏན༌ལ༌དབབ༌པ༌བསྡུ༌བ༌ལས༌བྱུང༌བ༌སྟེ།

1.གནས༌ལས༌སྐྱེ༌བ༌ནི། གནས༌ལས༌སྐྱེ༌བ༌ནི༌འབྱུང༌བ༌ཆེན༌པོ༌ལ༌བརྟེན༌ནས༌འབྱུང༌བ༌ཆེན༌པོའི༌ཕྱོགས༌སུ༌དེ༌ལས༌གཞན༌པ༌རྒྱུར༌བྱས༌པའི༌གཟུགས༌སྐྱེ༌བར༌འགྱུར༌བ༌སྟེ། དེའི༌ཕྱིར༌འབྱུང༌བ༌ཆེན༌པོ༌བཞི༌ལ༌བརྟེན༌ནས༌རྒྱུར༌བྱས༌པའི༌གཟུགས༌ཞེས༌བྱ༌སྟེ། ཕྱོགས༌གཅིག༌ལས༌ཉེ༌བར༌བླངས༌པས༌ཞེས༌བྱ༌བའི༌དོན༌ཏོ། ། དེ༌ལ༌གཟུགས༌འདུས༌པ༌གང༌ལས༌འབྱུང༌བ༌དང༌། རྒྱུར༌བྱས༌པའི༌གཟུགས༌རང༌གི༌མཚན༌ཉིད༌ལས༌དམིགས༌པ༌གང༌ཡིན༌པ༌དེ༌ཉིད༌ནི༌དེ༌ལ༌ཡོད༌པར༌རིག༌པར༌བྱའོ། ། དེ༌གང༌ལ༌གང༌མི༌དམིགས༌པ༌དེ༌ནི༌དེ༌ལ༌མེད༌པར༌རིག༌པར༌བྱ༌སྟེ། དེ༌ལྟར༌ན༌དེ༌ནི༌ཡོད༌པ༌དང༌མེད༌པའི༌མཚན༌ཉིད༌རྣམ༌པར༌གཞག༌པ༌མདོར༌བསྡུས༌པ༌ཡིན༌ནོ། ། 2.ས༌བོན༌ལས༌སྐྱེ༌བ༌ནི། རང༌གི༌ས༌བོན༌ལས༌འབྱུང༌བ༌གང༌ཡིན༌པ༌སྟེ། འདི༌ལྟ༌སྟེ། དཔེར༌ན༌འདུས༌པ༌སྲ༌བ༌ནི༌ལན༌འགའ༌ནི༌རྐྱེན༌ཉེ༌བར༌གྱུར༌པ༌ན༌སླ༌བར༌གྱུར༌ལ༌སླ༌བ༌ཡང༌ལན༌འགའ༌ནི༌སྲ༌བར༌འགྱུར༌བ༌དང༌། གྲང༌བ༌ཡང༌དྲོ༌བར༌འགྱུར༌ལ། དྲོ༌བ༌ཡང༌གྲང༌བར༌འགྱུར༌བ༌དང༌། མི༌གཡོ༌བ༌ཡང༌གཡོ༌བར༌འགྱུར༌ལ། གཡོ༌བ༌ཡང༌མི༌གཡོ༌བར༌འགྱུར༌བ༌དང༌། དེ༌བཞིན༌དུ༌ཁ༌དོག༌བཟང༌པོ༌དང༌ཁ༌དོག༌ངན༌པ༌ལ༌སོགས༌པའི༌དབྱེ༌བ༌ཡང༌རིག༌པར༌བྱ༌སྟེ། དེ༌ལྟར༌ན༌རང༌གི༌མཚན༌ཉིད༌མེད༌ཀྱང༌། ཁམས༌ཡོད༌ན༌འདུས༌པ༌དེ༌དང༌དེ༌ལས༌ཆོས༌གཟུགས༌ཅན༌བྱེ༌བྲག༌ཅན༌དེ༌དང༌དེ༌དག༌འབྱུང༌བར༌འགྱུར༌ཏེ། དེ༌ལྟར༌དེ༌ལྟ༌བུ༌དང༌མཐུན༌པ༌དེ༌ནི༌ས༌བོན༌ལས༌སྐྱེ༌བ༌ཡིན༌པར༌རིག༌པར༌བྱའོ། ། 3.འཕེན༌པ༌ལས༌སྐྱེ༌བ༌ནི། འདི༌ལྟ༌སྟེ། ནང༌གི༌དབང༌པོ༌གཟུགས༌ཅན༌རྣམས༌ཀྱི༌དབང༌གིས༌ཕྱི༌རོལ༌གྱི༌དངོས༌པོ༌བརྟན༌པ༌རྣམས༌འབྲུང༌བ༌སྟེ། འདི༌ལྟ༌སྟེ། སྣོད༌ཀྱི༌འཇིག༌རྟེན༌རྣམས༌སོ། ། ནང༌གི༌སྐྱེ༌མཆེད༌རྣམས༌ཀྱང༌སྔོན༌གྱི༌ལས༌ཀྱི༌འཕེན༌པ༌ལས༌འབྱུང༌ངོ༌། ། དེ༌ལ༌འདོད༌པ༌ཉེ༌བར༌གནས༌པའི༌ལྟ༌རྣམས༌ངང༌། འདོད༌པ༌ཉེ༌བར༌གནས༌པ༌བྱང༌གི༌སྒྲ༌མི༌སྙན༌པའི༌མི༌རྣམས༌ཀྱི༌ཡོ༌བྱད༌རྣམས༌ནི༌ཡང༌དང༌ཡང༌འཕེན༌པའི༌སྐྱེད༌བ༌ལས༌འབྱུང༌བར༌རིག༌པར༌བྱའོ། ། མི༌རྣམས༌ཀྱི༌སྣོད༌བསྟན༌པ༌དག༌ལས༌ཏེ། དེ༌ལྟར༌དེ༌ལྟ༌བུ༌དང༌མཐུན༌པ༌དེ༌ནི༌འཕེན༌པ༌ལས༌སྐྱེ༌བ༌རིག༌པར༌བྱའོ། ། 4.ཕན༌འདོགས༌པ༌ལས༌སྐྱེ༌བ༌ནི། འདི༌ལྟ༌སྟེ། ཆོས༌གཟུགས༌ཅན༌དེ༌དང༌དེ༌དག༌ཕན༌འདོགས༌པའི༌རྐྱེན༌དེ༌དང༌དེ༌དག༌ལ༌བརྟེན༌ནས༌ཆེས༌བརྟས༌པ༌དང༌། ཤིན༌ཏུ༌བརྟས༌པ༌དང༌། ཤིན༌ཏུ༌མཆོག༌དང༌། ཤིན༌ཏུ༌ཁྱད༌པར༌དུ༌འཕགས༌པར༌སྐྱེ༌བར༌འགྱུར༌བ༌སྟེ། འདི༌ལྟ༌སྟེ༌དཔེར༌ན༌ཆུ༌ལ༌སོགས༌པས༌བརླན༌པ༌རྣམས༌ཀྱི༌མྱུ༌གུ༌ལ༌སོགས༌པ༌ལྟ༌བུ༌སྟེ། དེ༌ལྟར༌དེ༌ལྟ༌བུ༌དང༌མཐུན༌པ༌ནི༌ཕན༌འདོགས༌པ༌ལས༌སྐྱེ༌བ༌ཡིན༌ནོ། ། 5.གནོད༌པ༌བྱེད༌པ༌ལས༌སྐྱེ༌བ༌ནི། ཕན༌འདོགས༌པ༌ལས༌བཟློག༌པ༌ནི༌གནོད༌པ༌བྱེད༌པ༌ལས༌སྐྱེ༌བ༌ཡིན༌རིག༌པར༌བྱའོ། །

Tibetan Source 《བསྟན༌འགྱུར༌སེམས༌ཙམ༌ཞི༌པ༌》ཤ༌51ན༌3ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number