5816

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡི༌དྭགས༌ཀྱི༌འཇིག༌རྟེན༌དུ༌སྐྱེ༌བར༌འགྱུར༌བའི༌ལས༌ལྔ།
Tibetan Alternate
Tibetan Definition དེ༌ཡང། འཕགས༌པ༌སྤོབས༌པའི༌བློ༌གྲོས༌ཀྱིས༌ཞུས༌པའི༌མདོ༌ལས༌བྱུང༌བ༌སེམས༌ཅན༌ལས༌ལྔ༌དང༌པ༌རྣམས༌ཡི༌དྭགས༌ཀྱི༌འཇིག༌རྟེན༌དུ༌སྐྱེ༌བར༌འགྱུར༌བའི༌ལས༌ལྔ༌སྟེ།

1.དང༌པོ༌བཀྲེན༌ཞིང༌ཆགས༌པ། 2.མུན༌པ༌མུན༌ནག༌ཆེན༌པོའི༌བཤེས༌གཉེན། 3.གསོག༌པ༌ལྷུར༌བྱེད༌པའི༌ཕྱིར༌བདག༌ཉིད༌ཀྱང༌ལོངས༌སྤྱོད༌པར༌མི༌བྱེད༌པ། 4.ཆོས༌མ༌ཡིན༌པ༌དང༌ལྡན༌པའི༌ཕྱིར༌ཕྲག༌དོག༌དང༌། སེར༌སྣ༌ལྷུར༌བྱེད༌པས༌སྤུན༌དང༌། སྲིང༌མོ༌དང༌། བུ༌དང༌། ཆུང༌མ༌དང༌། བྲན༌དང༌། ལས༌བྱེད༌པ༌དང༌། ཞོ༌ཤས༌འཚོ༌བ༌དང༌། མཛའ༌བཤེས༌དང༌། བློན༌པོ༌དང༌། ཉེ༌དུ༌དང༌། འབྲེལ༌པ༌དང༌། སྦྱིན༌གནས༌དང༌། དགེ༌སྦྱོང༌དང༌། བྲམ༌ཟེ༌དང༌། བཀྲེན༌པ༌ཐམས༌ཅད༌ལ༌རབ༌ཏུ༌སྦྱིན༌པར༌མི༌བྱེད༌ཅིང༌ཕ༌མ༌དག༌ལའང༌རབ༌ཏུ༌སྦྱིན༌པར༌མི༌བྱེད༌པ། 5.ངེས༌པར༌བསྐྱང༌བར༌འོས༌པ༌དག༌མི༌སྐྱོང༌ལ༌བསྙེན༌བཀུར༌མི༌བྱེད༌ཅིང༌བླ༌མ༌ལ༌མི༌གུས༌ལ༌གཅེས༌པར༌མི༌བྱེད༌པའོ། །

Tibetan Source 《མདོ༌ད༌པ༌》ཤ༌470བ༌2ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number