5835

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཡོངས༌སུ༌དག༌པའི༌མཚན༌ཉིད༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། འཕགས༌པ༌དགོངས༌པ༌ངེས༌པར༌འགྲེལ༌པའི༌མདོ༌ལས༌བྱུང༌བ༌མ༌མོའི༌མཚན༌ཉིད༌ཀྱི༌ནང༌གསེས༌ཏེ།

1.མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌ནི། འདུ༌བྱེད༌ཐམས༌ཅད༌མི༌རྟག༌པ༌ཉིད༌དང༌། འདུ༌བྱེད༌ཐམས༌ཅད༌བདག༌མེད༌པ༌ཉིད༌འཇིག༌རྟེན༌ན༌མངོན༌སུམ༌དུ༌དམིགས༌པ༌དང༌། དེ༌ལྟ༌བུ༌དང༌མཐུན༌པ༌གང༌ཡིན༌པ༌དེ༌ནི༌མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌ཡིན༌ནོ། ། 2.གནས༌པ༌མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌ནི། འདུ༌བྱེད༌ཐམས༌ཅད༌སྐད༌ཅིག༌པ༌ཉིད༌དང༌། འཇིག༌རྟེན༌ཕ༌རོལ༌ཡོད༌པ༌ཉིད༌དང༌། ལས༌དགེ༌བ༌དང༌། མི༌དགེ༌བ༌ཆུད༌མི༌ཟ༌བ༌དེ༌ལ༌གནས༌པའི༌མི༌རྟག༌པར༌རིགས༌པ༌ཉིད༌མངོན༌སུམ༌དུ༌དམིགས༌པ༌གང༌ཡིན༌པ༌དང༌། སེམས༌ཅན༌སྣ༌ཚོགས༌ལས༌སྣ༌ཚོགས༌ལ༌གནས༌པ༌མངོན༌སུམ༌དུ༌དམིགས༌པ༌གང༌ཡིན༌པ༌དང༌། སེམས༌ཅན༌བདེ༌བ༌དང༌སྡུག༌བསྔལ༌བ༌ལས༌དགེ༌བ༌དང༌མི༌དགེ༌བ༌ལ༌གནས༌པ༌མངོན༌སུམ༌དུ༌དམིགས༌པ༌གང༌ཡིན༌པ༌དང༌། གང༌གིས༌མངོན༌སུམ༌དུ༌མ༌གྱུར༌པ༌ལ༌རྗེས༌སུ༌དཔག༌པར༌བྱ༌བ༌དང༌། དེ༌ལྟ༌བུ༌དང༌མཐུན༌པ༌གང༌ཡིན༌པ༌དེ༌ནི༌དེ༌ལ༌གནས༌པ༌མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌ཡིན༌ནོ། ། 3.རང༌གི༌རིགས༌ཀྱི༌དཔེ༌ཉེ༌བར༌སྦྱར༌བའི༌མཚན༌ཉིད༌ནི། ནང༌དང༌ཕྱི༌རོལ༌གྱི༌འདུ༌བྱེད༌རྣམས༌ལ༌འཇིག༌རྟེན༌ཐམས༌ཅད༌ལ༌གྲགས༌པའི༌འཆི༌འཕོ༌དང༌སྐྱེ༌བ༌དམིགས༌པ༌ཉེ༌བར༌སྦྱར༌བ༌དང༌། སྐྱེ༌བ༌ལ༌སོགས༌པའི༌སྡུག༌བསྔལ༌དམིགས༌པ༌ཉེ༌བར༌སྦྱར༌བ༌དང༌། རང༌དབང༌མེད༌པའི༌དམིགས༌པ༌ཉེ༌བར༌སྦྱར༌བ༌དང༌། ཕ༌རོལ༌དག༌ནའང༌འཇིག༌རྟེན༌ཐམས༌ཅད༌ལ༌གྲགས༌པའི༌འབྱོར༌པ༌དང༌། རྒུད༌པ༌དམིགས༌པ༌ཉེ༌བར༌སྦྱར༌བ༌དང༌། དེ༌ལྟ༌བུ༌དང༌མཐུན༌པ༌གང༌ཡིན༌པ༌དེ༌ནི༌རང༌གི༌རིགས༌ཀྱི༌དཔེ༌ཉེ༌བར༌སྦྱར༌བའི༌མཚན༌ཉིད༌ཡིན༌པར༌རིག༌པར༌བྱའོ། ། 4.ཡོངས༌སུ༌གྲུབ༌པའི༌མཚན༌ཉིད༌ནི། དེ༌ལྟར༌དེ༌མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌དང༌། དེ༌ལ༌གནས༌པ༌མངོན༌སུམ༌དུ༌དམིགས༌པའི༌མཚན༌ཉིད༌དང༌། རང༌གི༌རིགས༌ཀྱི༌དཔར༌ཉེ༌བར༌སྦྱར༌བའི༌མཚན༌ཉིད༌གང༌ཡིན༌པ༌དེ༌ནི༌གྲུབ༌པར༌བྱ༌བ༌ལ༌གཅིག༌ཏུ༌ངེས༌པའི༌ཕྱིར༌ཡོངས༌སུ༌གྲུབ༌པའི༌མཚན༌ཉིད༌ཡིན༌པར༌རིག༌པར༌བྱའོ། ། 5.ལུང༌ཤིན༌ཏུ༌གཏན༌ལ༌ཕབ༌པའི༌མཚན༌ཉིད༌ནི། གཏན༌ལ༌དབབ༌པར༌བསྟན༌པ༌ཐམས༌ཅན༌མཁྱེན༌པས༌གསུངས༌པ༌འདི༌ལྟ༌སྟེ། མྱ༌ངན༌ལས༌འདས༌པ༌ནི༌ཞེ༌བའོ༌ཞེས༌བྱ༌བ༌དང༌། དེ༌ལྟ༌བུ༌དང༌མཐུན༌པ༌གང༌ཡིན༌པ༌དེ༌ནི༌ལུང༌ཤིན༌ཏུ༌རྣམ༌པར༌དག༌པ༌གཏན༌ལ༌ཕབ༌པར༌བསྟན༌པའི༌མཚན༌ཉིད༌ཡིན༌པར༌རིག༌པར༌བྱའོ། །

Tibetan Source 《མདོ༌ཅ༌པ༌》ཤ༌80བ༌4ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number