5859

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རབ༌ཏུ༌འབྱུང༌བ༌ལ༌མོས༌པར༌འགྱུར༌བ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། འཕགས༌པ༌ཀླུའི༌རྒྱལ༌པོས༌ཞུས༌པའི༌མདོ༌ལས༌བྱུང༌བ༌ལྟར༌ན༌བྱང༌ཆུབ༌སེམས༌དཔའ༌རྣམས༌རབ༌ཏུ༌འབྱུང༌བ༌ལ༌མོས༌པར༌འགྱུར༌བ༌ལྔ༌ལ༌ཁག༌གསུམ༌ཡོད༌པ༌སྟེ།

ཁག༌དང༌པོ། 1.བདག༌གིས༌ལས༌བྱས༌པ༌ཆུད༌ཟ༌བར༌མི༌འགྱུར༌བ། 2.བདག༌གིས༌བྱས༌པའི༌བག༌ཆགས༌ཀྱིས༌བསྒོ༌བར༌འགྱུར༌བ། 3.ཡོངས༌སུ༌འཛིན༌པ༌ཐམས༌ཅད༌ལ༌བདག༌གི༌སེམས༌གཏོང༌བར༌འགྱུར༌བ། 4.སངས༌རྒྱས༌བཅོས༌ལྡན༌འདས༌རྣམས༌ཀྱིས༌བདག༌སྨད༌པར༌མི༌འགྱུར༌བ། 5.བདག༌གྲོལ༌ཟིན༌ནས༌ཀྱང༌ཉོན༌མོངས༌པའི༌བཅིང༌བ༌རྣམས༌ཀྱིས༌བཅིངས༌པའི༌སེམས༌ཅན༌རྣམས༌འཆིང༌བ༌དེ༌ལས༌རབ༌ཏུ༌བྱ༌བའི༌ཕྱིར༌ཆོས༌སྟོན༌པར༌འགྱུར༌རོ༌སྙམ༌པའོ། ། ཁག༌གཉིས༌པ། 1.རབ༌ཏུ༌འབྱུང༌བ༌ནི། ཚུལ༌ཁྲིམས༌འཆལ༌བའི༌སེམས༌ཅན༌ཡོངས༌སུ༌སྨིན༌པར༌བྱ༌བའི༌ཕྱིར༌ཚུལ༌ཁྲིམས༌དང༌མཐུན༌པ༌ཡིན། 2.རབ༌ཏུ༌འབྱུང༌བ༌ནི། ཐོས༌པ༌ཉུང༌བའི༌སེམས༌ཅན༌ཡོངས༌སུ༌སྨིན༌པར༌བྱ༌བའི༌ཕྱིར༌ཐོས༌པ༌དང༌མཐུན༌པ༌ཡིན། 3.རབ༌ཏུ༌འབྱུང༌བ༌ནི། སེམས༌རྣམ༌པར༌གཡེང༌བའི༌སེམས༌ཅན༌ཡོངས༌སུ༌སྨིན༌པར༌བྱ༌བའི༌ཕྱིར༌ཏིང༌ངེ༌འཛིན༌དང༌ནཐུན༌པ༌ཡིན། 4.རབ༌ཏུ༌འབྱུང༌བ༌ནི། ཤེས༌རབ༌འཆལ༌བའི༌སེམས༌ཅན༌ཡོངས༌སུ༌སྨིན༌པར༌བྱ༌བའི༌ཕྱིར༌ཤེས༌རབ༌དང༌མཐུན༌པ༌ཡིན། 5.རབ༌ཏུ༌འབྱུང༌བ༌ནི། མྱ༌ངན༌ལས་འདས་པའི༌བདེ༌བའི༌ལམ༌ལ༌སེམས༌ཅན༌དགོད༌པར༌བྱ༌བའི༌ཕྱིར༌རྣམ༌པར༌གྲོལ༌བའི༌ཡེ༌ཤེས༌དང༌མཐུན༌པའོ། ། ཁག༌གསུམ༌པ། 1.རབ༌ཏུ༌འབྱུང༌བ༌ནི། ཕུང༌པོ༌ལྔ༌ཡོངས༌སུ༌ཤེས༌པར༌བྱ༌བའི༌ཕྱིར༌ང༌རྒྱལ༌བཅོམ༌པའོ། ། 2.རབ༌ཏུ༌འབྱུང༌བ༌ནི། ཀུན༌འབྱུང༌བ༌སྤངས༌པའི༌ཕྱིར༌སྲིད༌པའི༌བག༌ལ༌ཉལ༌བ༌སྤོང༌བའོ། ། 3.རབ༌ཏུ༌འབྱུང༌བ༌ནི། འགོག༌པ༌མངོན༌སུམ༌དུ༌བྱ༌བའི༌ཕྱིར༌ཞི༌བ༌དང༌། རབ༌ཏུ༌ཞི༌བ་དང༌། ཉེ༌བར༌ཞི༌བར༌བྱེད༌པ། 4.རབ༌ཏུ༌འབྱུང༌བ༌ནི། འཕགས༌པའི༌ལམ༌ཡན༌ལག༌བརྒྱད༌པ༌བསྒོམ༌པའི༌ཕྱིར༌ལམ༌འཇུག༌གོ ། 5.རབ༌ཏུ༌འབྱུང༌བ༌ནི། འཕགས༌པའི༌བདེན༌པ༌རྣམས༌ལ༌སེམས༌ཅན༌དགོད༌པའི༌ཕྱིར༌བདེན༌པ༌ལ༌འཇུག༌པའོ། །

Tibetan Source 《མདོ༌ན༌པ༌》ཤ༌190ན༌6ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number