5966

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཤེས༌པར༌བྱ༌བ༌རྣམ༌པ༌ལྔ།
Tibetan Alternate
Tibetan Definition དེ༌ཡང༌། ཆོས༌མངོན༌པ༌ཀུན༌ལས༌བཏུས༌པ༌ལས༌བྱུང༌བ༌སྟེ། གང༌དུ༌ཀུན༌ནས༌ཉོན༌མོངས༌པ༌དང༌། རྣམ༌པར༌བྱང༌བ༌དང༌། གང༌ཀུན༌ནས༌ཉོན༌མོངས༌པ༌དང༌། རྣམ༌པར༌བྱང༌བ༌དང༌། གང༌གིས༌ཀུན༌ནས༌ཉོན༌མོངས༌པ༌དང༌། རྣམ༌པར༌བྱང༌བ༌དང༌། དེའི༌གནས༌སྐབས༌གང༌ཡིན༌པ༌དང༌། རྣམ༌པར༌བྱང༌བ༌གང༌ཡིན༌པ༌དེའི༌དབང༌དུ༌བྱས༌ནས༌ཐམས༌ཅད༌ཀྱང༌ཤེས༌པར༌བྱ༌བ༌དག༌གོ ། དེ༌ལས།

1. གཟུགས༌ནི། གཟུགས༌ཅན༌གྱི༌ཁམས༌བཅུ༌དང༌། སྐྱེ༌མཆེད༌བཅུ༌དང༌། ཆོས༌ཀྱི༌ཁམས༌དང༌། སྐྱེ༌མཆེད༌པའི༌གཟུགས༌སོ། ། 2.སེམས༌ནི། རྣམ༌པར༌ཤེས༌པའི༌ཕུང༌པོ༌སྟེ། རྣམ༌པར༌ཤེས༌པའི༌ཁམས༌བདུན༌དང༌། ཡིད༌ཀྱི༌སྐྱེ༌མཆེད༌དོ། ། 3.སེམས༌ལས༌བྱུང༌བའི༌ཆོས༌རྣམས༌ནི། ཚོར༌བའི༌ཕུང༌པོ༌དང༌། འདུ༌ཤེས༌ཀྱི༌ཕུང༌པོ༌དང༌། མཚུངས༌པར༌ལྡན༌པའི༌འདུ༌བྱེད༌ཀྱི༌ཕུང༌པོ༌དང༌། ཆོས༌ཀྱི༌ཁམས༌དང༌། སྐྱེ༌མཆེད༌ཀྱི༌ཕྱོགས༌གཅིག༌ཀྱང༌ཡིན༌ནོ། ། 4.སེམས༌དང༌ལྡན༌པ༌མ༌ཡིན༌པའི༌འདུ༌བྱེད༌རྣམས༌ནི། ལྡན༌པ༌མ༌ཡིན༌པའི༌བྱེད༌ཀྱི༌ཕུང༌པོ༌དང༌། ཆོས༌ཀྱི༌ཁམས༌དང༌། སྐྱེ༌མཆེད༌ཀྱི༌ཕྱོགས༌གཅིག༌ཀྱང༌ཡིན༌ནོ། ། 5.འདུས༌མ༌བྱས༌རྣམས༌ནི། ཆོས༌ཀྱི༌ཁམས༌དང༌། སྐྱེ༌མཆེད༌ཀྱི༌ཕྱོགས༌གཅིག༌ཀྱང༌ཡིན༌ནོ། །

Tibetan Source 《བསྟན༌འགྱུར༌སེམས༌ཙམ༌རི༌པ༌》ཤ༌56བ༌4ལས༌བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number