603

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཟབ་གཏེར་གོང་འོག་གཉིས།
Tibetan Alternate
Tibetan Definition དེ་ཡང་། སྔ་འགྱུར་རྙིང་མའི་ཉེ་རྒྱུད་གཏེར་མའི་ཟབ་གཏེར་གོང་འོག་གཉིས་ཏེ།

1.གཏེར་ཁ་གོང་མ་ནི། མངའ་བདག་ཉང་ཉི་མ་འོད་ཟེར་(རབ་བྱུང་གཉིས་པའི་ཤིང་འབྲུག་1124ལོ་ནས་རབ་བྱུང་གསུམ་པའི་ཤིང་བྱི་1204ལོ་བར་)གྱིས་བཀའ་བརྒྱད་བདེ་གཤེགས་འདུས་པ་ཆ་ཚང་བ་གཏེར་ནས་བཏོན་པ་དེའི་ཆོས་བརྒྱུད་ལ་ཟེར། 2.གཏེར་ཁ་འོག་མ་ནི། མངའ་བདག་ཉང་གི་སློབ་མ་གཏེར་ཆེན་གུ་རུ་ཆོས་དབང་གིས་བཀའ་བརྒྱུད་གསང་བ་ཡོངས་རྫོགས་གཏེར་ནས་བཏོན་པ་དང་། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ་ཅན་དངོས་གྲུབ་རྒྱལ་མཚན་(རབ་བྱུང་དྲུག་པའི་མེ་གླང1337ལོ་ནས་རབ་བྱུང་བདུན་པའི་མེ་ཁྱི1406ལོ་བར་)གྱིས་བཀའ་བརྒྱུད་རང་བྱུང་རང་ཤར་གཏེར་ནས་བཏོན་པ་བཅས་ཀྱི་ཆོས་བརྒྱུད་ལ་ཟེར།

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་1805.21ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number