6269

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྒྱུ་སྐར་ཐུན་མོང་གི་དཀྱིལ་འཁོར་དྲུག
Tibetan Alternate
Tibetan Definition དེ་ཡང་། སྟག་རྣའི་རྟོགས་པ་བརྗོད་པ་ལས་བྱུང་བ་རྒྱུ་སྐར་ཐུན་མོང་གི་དཀྱིལ་འཁོར་དྲུག་གང་ཞེ་ན།

1. བྲ་ཉེ་དང་། སྨིན་དྲུག་དང་། སྣར་མ་དང་། མགོ་སྟེ་དེ་དག་ནི་ཐུན་མོང་གི་དང་པོའི་དཀྱིལ་འཁོར་རོ། ། 2. ལག་དང་། ནབ་སོ་དང་། རྒྱལ་དང་། སྐག་དང་དེ་དག་ནི་ཐུན་མོང་གི་དཀྱིལ་འཁོར་གཉིས་པའོ། ། 3. མཆུ་དང་། གྲེ་དང་། དབོ་གཉིས་དང་། མེ་བཞི་དང་། ནག་པ་སྟེ། དེ་དག་ནི་ཐུན་མོང་གི་དཀྱིལ་འཁོར་གསུམ་པའོ། ། 4. ས་རི་དང་། ས་ག་དང་། ལྷ་མཚམས་དང་། དེ་དགུ་ནི་ཐུན་མོང་གི་དཀྱིལ་འཁོར་བཞི་པའོ། ། 5. སྣྲོན་དང་། སྣྲོབས་དང་། ཆུ་སྨད་དང་། ཆུ་སྟོད་དང་། གྲོ་བཞིན་ཏེ། དེ་དག་ནི་འཇིགས་པ་ཆེན་པོར་གྱུར་པའི་དཀྱིལ་འཁོར་ལྔ་པའོ། ། 6. མོན་གྲེ་དང་། མོན་གྲུ་དང་། ཁྲུམས་གཉིས་དང་། ནམ་གྲུ་དང་། ཐ་སྐར་དང་། བྲ་ཉེ་སྟེ། དེ་དག་ནི་ཐུན་མོང་བའི་དཀྱིལ་འཁོར་དྲུག་པའོ། ། གང་གི་ཚེ་རྒྱུ་སྐར་གྱི་དཀྱིལ་འཁོར་ལས་ནད་དེ་དང་དེའི་ལྗོངས་སུ་དེའི་ནད་ཡིན་པར་ལྟའོ། །

Tibetan Source 《མདོ་ཨ་པ་》ཤ་418བ་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number