6761

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་དོའི་རང་བཞིན་བཤད་པ་ལས་ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག
Tibetan Alternate
Tibetan Definition དེ་ཡང་། མདོ་རྒྱུད་རིན་པོ་ཆེའི་མཛོད་ཀྱི་རྒྱས་འགྲེལ་སྐབས་ཉེར་བཞི་པ་འབྲིང་དང་ཐ་མ་བར་དོ་དང་རང་བཞིན་སྤྲུལ་པའི་ཞིང་དུ་གྲོལ་བའི་རིམ་པ་ལས་བར་དོའི་རང་བཞིན་བཤད་པ་ལས་བྱུང་བ་ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག་སྟེ།

1. བློ་དང་བྲལ་བའི་ཤེས་རབ་ཀྱིས་མཐོང་བ་ནི་བཞི་སྟེ། (1)རང་གི་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ། (2)རྣམ་པར་དག་པས་གཞན་གྱི་སེམས་ཅིག་ཅར་དུ་མཐོང་བ། (3)ཤིན་ཏུ་དག་པས་རང་གཞན་གཉིས་ཀའི་སེམས་ཅིག་ཅར་དུ་མཐོང་བ། (4)རབ་ཏུ་དག་པས་ལྷག་མ་ལུས་པའི་སེམས་ཅིག་ཅར་དུ་མཐོང་བའོ། ། 2. ཚིག་དང་བྲལ་བའི་ཤེས་རབ་ཀྱིས་མཐོང་བ་ནི་བཞི་སྟེ། (1)སྡེ་སྣོད་ཀྱི་ཆོས་རྣམས་ཀྱི་ཚིག་དུས་གཅིག་ལ་མཐོང་བ། (2)རྣམ་པར་དག་པས་དེའི་དོན་ཕྱིན་ཅི་མ་ལོག་པ་མཁྱེན་པ། (3)ཤིན་ཏུ་དག་པས་དེ་དག་གི་འབྲས་བུ་དང་གྲོལ་བ་རྣམས་ཤེས་པ། (4)རབ་ཏུ་དག་པས་དེ་རྣམས་ཀྱི་འཇུག་པ་མཐོང་བའོ། ། སྡེ་སྣོད་ཀྱི་དོན་ཕྱིན་ཅི་མ་ལོག་པ་ཐུན་མོང་མ་ཡིན་པའི་གསང་བ་དང་། ཕྱིན་ཅི་ལོག་ཐུན་མོང་གི་ལྟ་སྤྱོད་ཡིད་ དཔྱོད་པ་རྣམས་སོ། ། 3. སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱིས་མཐོང་བ་ནི་བཞི་སྟེ། (1)ཤེས་རབ་ཀྱིས་མཐོང་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ། (2)རྣམ་པར་དག་པས་དེ་དག་ལ་སྤྱོད་པའི་གང་ཟག་གི་དབང་པོ་རྣོ་རྟུལ་རྣམས་མཐོང་བ། (3)ཤིན་ཏུ་དག་པས་དབང་པོའི་གྲོལ་བ་རྣམས་མཁྱེན་པ། (4)རབ་ཏུ་དག་པས་དབང་པོའི་ཆོས་མཐུན་ཤེས་པའོ། ། 4. ཡིད་དཔྱོད་དང་བྲལ་བའི་ཤེས་རབ་ཀྱིས་མཐོང་བ་ནི་སྟེ། (1)ཆོས་སྤྱིའི་དོན་ཐམས་ཅད་ལྷག་མཐོང་དུ་མཐོང་བ། (2)རྣམ་པར་དག་པས་རང་གི་དོན་མཐོང་བ། (3)ཤིན་ཏུ་དག་པས་སྤྱི་དང་རང་གི་མཚན་ཉིད་གཉིས་ཀ་ལྷག་མཐོང་དུ་མཐོང་བ། (4)རབ་ཏུ་དག་པས་ཚིག་དང་ཡི་གེ་ལས་འདས་པའི་དོན་མཐོང་བའོ། ། 5. མཚན་ཉིད་དཔྱོད་པའི་(འགྲེལ་པའི་སྐབས་སྐྱེ་བ་གཅོད་པའི་ཤེས་རབ་ཀྱིས་མཐོང་བ་ཞེས་གསལ་)ཤེས་རབ་ཀྱིས་མཐོང་བ་བཞི་སྟེ། (1)འཁོར་བའི་ཆོས་རྣམས་ཀྱི་རྒྱུད་མཐོང་བ། (2)རྣམ་པར་དག་པས་དེའི་རྐྱེན་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་མཐོང་བ། (3)ཤིན་ཏུ་དག་པས་དེ་དག་གི་དུས་དང་མཚན་ཉིད་མཐོང་བ། (4)རབ་ཏུ་དག་པས་དེ་དག་ལས་རྣམ་པར་གྲོལ་བ་མཐོང་བའོ། ། 6. མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱིས་མཐོང་བ་ཡང་བཞི་སྟེ། (1)རང་གི་སེམས་འགྱུ་བའི་ཚད་ཟིན་པ། (2)རྣམ་པར་དག་པས་དེ་ཉིད་དུ་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ། (3)ཤིན་ཏུ་དག་པས་ཕ་རོལ་སེམས་ཅན་རྣམས་ཀྱི་སེམས་ཀྱི་འགྱུ་བ་མཐོང་བ། (4)རབ་ཏུ་དག་པས་དུས་གསུམ་གྱི་སེམས་ཅན་ཕ་རོལ་གྱི་སེམས་ཀྱི་འགྱུ་བ་དང་། རྟོག་པ་དང་། མི་རྟོག་པ་དང་། བསམ་པའི་ཁྱད་པར་རྣམས་དུས་གཅིག་ལ་ཤེས་པ་དང་བཞི་བཅས་ཉི་ཤུ་རྩ་བཞིའོ། །

Tibetan Source 《མདོ་རྒྱུད་མཛོད་ཝི་པ་》ཤ་458.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number