6764

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan བར་སྣང་གི་སྒྲ་དྲུག
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་ཕྲན་ཚེགས་ཀྱི་གཞི་ལས་བྱུང་བ་རྒྱལ་པོ་གཏུམ་པོ་རབ་སྣང་གི་རྨི་ལམ་ནང་བྱུང་བ་སྟེ།

1. ཐམས་ཅད་ཅེས་བྱ་བ་ནི། ཐམས་ཅད་གསོག་ཏུ་ཕྱུང་ཟིན་ཏེ། ། འདི་ལ་སྙིང་པོ་ཙམ་ཞིག་ལུས། ། རྒྱལ་པོ་སྲིན་དེ་སྙིང་པོ་ལ། ། དགའ་བ་མེད་པས་རེ་བ་བོར། ། 2. སུ་ཞེས་བྱ་བ་ནི། སུ་ཞིག་གཉེར་ལེན་ཚུལ་ངན་པོའི། ། མིག་ཡ་གཅིག་ཀྱང་འཇོར་བྱེད་པ། ། དེས་ནི་བདག་གི་བུ་ཚ་དང་། ། བདག་ཀྱང་སྡུག་བསྔལ་ལས་ཐར་བྱས། ། 3. གང་ཞེས་བྱ་བ་ནི། རྫོང་འདི་ཉིད་དང་རུས་སྦལ་ནི། ། མང་པོ་དག་གིས་གང་བ་ལས། ། དེ་ནི་སྦལ་པས་འཚོ་མོད་ཀྱི། ། བདག་གིས་གནས་ནི་མི་འདོར་རོ། ། 4. ད་ཞེས་བྱ་བ་ནི། གང་ཞིག་རི་བོ་གཏུམ་ལྡན་ལ། ། བདག་ལ་རྐང་པས་ནོམ་བྱེད་པའི། ། ལོང་བ་ཉོན་མོངས་དེ་དག་ནི། ། ད་ནི་མགོན་ཡང་མེད་པར་གྱུར། ། 5. དེ་རྣམས་ཞེས་བྱ་བ་ནི། དེ་རྣམས་མཚོ་ནི་བཟང་པོ་ལས། ། ཆུ་ནི་བསིལ་ཞིང་ཞིམ་པ་དག ། བདེ་བླག་ཉིད་དུ་རྙེད་པར་འགྱུར། ། བདག་ཀྱང་དེ་ལྟར་དེར་དགའོ། ། 6. འདི་དག་ཅེས་བྱ་བ་ནི། འདི་དག་ཁྲུས་བྱས་ཟོས་ནས་ནི། ། ཕྱོགས་དང་ཕྱོགས་སུ་འགྲོ་བར་བྱེད། ། ཅེས་སོ། །

Tibetan Source 《འདུལ་བ་ད་པ་》ཤ་16ན་3ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number