6858
Jump to navigation
Jump to search
| Tibetan | མུ་སྟེགས་ཅན་གྱི་ལོག་སྨྲ་དྲུག་བསལ་བའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་རྣམ་པ་དྲུག་བསྟན་པ་དྲུག |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་དགོངས་པ་ཟབ་མོ་ངེས་པར་འགྲེལ་པའི་མདོ་རྒྱ་ཆེར་འགྲེལ་པ་ལས་བྱུང་བ་སྟེ།
1. ཤར་ཕྱོགས་ནི་སྦྱིན་པ་ལྟ་བུ་སྟེ། ཐོག་མ་ཁོ་ནར་བྱུང་བའི་ཕྱིར་རོ། ། 2. ལྷོ་ཕྱོགས་ནི་ཚུལ་ཁྲིམས་ལྟ་བུ་སྟེ། གཡས་ཕྱོགས་དང་འདྲ་བའི་ཕྱིར་རོ། ། 3. ནུབ་ཕྱོགས་ནི་བཟོད་པ་ལྟ་བུ་སྟེ། ཉེས་པ་ལ་བཟོད་པ་དེའི་འོག་ཏུ་བྱུང་བའི་ཕྱིར་རོ། ། 4. བྱང་ཕྱོགས་ནི་བརྩོན་འགྲུས་ལྟ་བུ་སྟེ། མིང་མཆོག་ཏུ་གྱུར་པའི་ཕྱིར་རོ། ། 5. འོག་མའི་ཕྱོགས་ནི་བསམ་གཏན་ལྟ་བུ་སྟེ། ངན་འགྲོ་ལ་སོ་སོར་རྟོག་པའི་ཕྱིར་རོ། ། 6. སྟེང་གི་ཕྱོགས་ནི་ཤེས་རབ་ལྟ་བུ་སྟེ། བླ་ན་མེད་པ་མི་སྐྱེ་བ་ཉིད་ཀྱི་ཕྱིར་རོ་ཞེས་གསུངས་པའོ། ། |
| Tibetan Source | 《བསྟན་འགྱུར་མདོ་སྡེ་དི་པ་》ཤ་32ན་2ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |