7231
Jump to navigation
Jump to search
| Tibetan | རྒྱགས་པ་མ་ཡིན་པར་འགྱུར་བའི་ཆོས་བདུན། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་སྟེ།
1. དགེ་བའི་ཆོས་རྣམས་དཔྱོད་པའི་དབང་དུ་བྱས་པའི་ཆོས་ཀྱི་སྤོབས་པ་དང་དེ་དགེ་བའི་ལས་ཀྱི་མཐའ་རྣམས་ལ་སྤྱོད་པའི་དགའ་བ་དང་ལྡན་པར་འགྱུར་བ། 2. དེའི་དགའ་བ་ཡང་མངོན་པར་འཕེལ་བར་འགྱུར་བ། 3. དགའ་བ་རྒྱ་ཆེ་བར་གྱུར་པ་གང་གི་ཕྱིར་མིང་དང་གཟུགས་དག་ཕན་ཚུན་གྱི་དབང་གིས་འཕེལ་བར་འགྱུར་བ། 4. འཕེལ་ཞིང་རྒྱས་པའི་རྒྱུ་འདིས་ལུས་ཀྱི་ནད་མེད་པའི་ལུས་དང་སེམས་དག་ཀྱང་ཕུན་ཚུན་གྱི་དབང་གིས་བདེ་ལེགས་སུ་གྱུར་པས་ཡིད་གཞུངས་པར་འགྱུར་ཏེ། ཡི་གཞུངས་པའི་མིང་ནི། སྔོན་བྱས་པའི་དགེ་བའི་ཆོས་རྣམས་རྗེས་སུ་དྲན་པ་ཡིན་ཏེ། འདིའི་ཡིད་གཞུངས་པ་དེ་ཡང་འཕེལ་བ། 5. དགེ་བའི་ཆོས་རྣམས་ལ་རྟག་ཏུ་ཡང་དྲན་པ་འཕེལ་བ། 6. དགེ་བའི་ཆོས་རྗེས་སུ་དྲན་པ་རྣམས་འཕེལ་བ་བསམ་ནས་ཀྱང་འདིའི་བདེ་བ་རྣམས་ཀྱང་འཕེལ་བ། 7. བདེ་བར་གྱུར་པ་རྣམས་ཀྱི་ཡང་སྟོབས་འཕེལ་བར་འགྱུར་བའོ། ། |
| Tibetan Source | 《མདོ་ཡ་པ་》ཤ་202བ་4ལས་བཏུས་པ། ། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |