7273

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཆུང་མ་བདུན།
Tibetan Alternate
Tibetan Definition དེ་ཡང་། འདུལ་བ་རྣམ་པར་འབྱེད་པ་ལས་བྱུང་བ་སྟེ།

1. ཆུ་ཚིགས་ཀྱིས་བྱིན་པ་ནི། བུད་མེད་དམ་གཞོན་ནུ་མ་གང་ཕ་མ་དག་གིས་སྐྱེས་པ་ལ་འདི་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བྱོས་ཤིག་ཅེས་ཆུ་ཚིགས་ཀྱིས་བྱིན་ཞིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། ། 2. རིན་ཆས་ཉོས་པ་ནི། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པས་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོ་བྱའོ། ཞེས་ཕ་མ་དག་ལས་རིན་ཆས་ཉོས་ཤིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། ། 3. བཙན་ཕྲོགས་སུ་ཐོབ་པ་ནི། རྒྱལ་པོ་རྒྱལ་རིགས་སྤྱི་བོར་དབང་བསྐུར་བས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། ཕ་རོལ་གྱི་ཡུལ་འཁོར་དང་ཕ་རོལ་གྱི་ཡུལ་དུ་སོང་ནས་མ་ཕེབས་པ་ཕབ་ཅིང་། ཕེབས་པར་གནས་ནས་ཐོབ་རྒྱལ་དུ་སྒྲོགས་པར་བྱེད་པའི་ཚེ་དེ་ན་སྐྱེས་པས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས་བུད་མེད་དམ་གཞོན་ནུ་མ་གང་ཡིན་པོ་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོ་བྱའོ་ཞེས་ཕྱོགས་ཤིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པས་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། ། 4. དང་སམ་དུ་འདུས་པ་ནི། བུད་མེད་དམ་གཞོན་ནུ་མ་གང་རང་གི་དད་པ་དང་། གཅུགས་པ་དང་དགའ་བས་སྐྱེས་པའི་གན་དུ་འོངས་ཏེ་འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་བདག་གི་ཁྱིམ་ཐབ་མཛོད་ཅིག་དང་བདག་གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་ཟེར་ཞིང་དེ་དེའི་ཆུང་མ་སྐྱེ་དགུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦོས་པ་ཤིན་ཏུ་སྦས་པའོ། ། 5. གོས་ཟས་ཀྱིས་འཚོལ་བ་ནི། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་འོངས་ཏེ། འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་ཀྱིས་བདག་ལ་གོས་དང་ཟས་སྩོལ་ཅིག་དང་བདག་གིས་ཁྱོད་ཀྱི་བཙུན་མོ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་ཟེར་ཞིང་། དེ་དེའི་ཆུང་མ་སྐྱེ་གུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། ། 6. དུམ་པ་ནི། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ་འོངས་ཏེ། འདི་སྐད་ཅེས་རྗེའི་སྲས་ཚུར་སྤྱོན་ཁྱོད་ཀྱི་ནོར་གང་ལགས་པ་དེ་དང་། བདག་གི་ནོར་གང་ལགས་པ་དེ་དག་གཅིག་ཏུ་བསྡུས་ཏེ་བདག་ཅག་གཉིས་མཉམ་དུ་འཚོ་བར་བགྱི་ཞིང་བདག་ཅག་གཉིས་ལས་ཁྱེའུའམ། བུ་མོ་གང་དག་མཆིས་པར་འགྱུར་བ་དེ་དག་ཀྱང་བདག་ཅག་ཤི་ཞིང་དུས་ལ་བབ་པ་དག་ལ་ཉུང་ངུའམ་མང་པོ་ཡང་རུང་བའི་སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བགྱིས་ནས་འདི་དེ་གཉིས་གང་དུ་སྐྱེས་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་མིང་གིས་ཡོན་བཤད་པ་བགྱིད་པར་གྱུར་པ་བགྱིའོ་ཞེས་ཟེར་ཞིང་དེ་དེའི་ཆུང་མ་སྐྱེ་གུའི་བདག་མོར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། ། 7. ཐང་འགའ་ཕྲད་པ་ནི། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པས་དེང་བདག་འདི་དང་ལྷན་ཅིག་དགའ་མགུར་སྤྱད་པར་བྱའོ་སྙམ་ནས་དེའི་དུས་སུ་གླས་ཤིང་ཡུད་ཙམ་ཕྲད་པར་གྱུར་ནས་དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། སྦས་པ་ཤིན་ཏུ་སྦས་པའོ། །

Tibetan Source 《འདུལ་བ་ཅ་པ་》ཤ་325བ་2ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number