7353

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan དུས་འཁོར་བོད་དུ་བྱུང་བའི་བཀའ་སྲོལ་བདུན།
Tibetan Alternate
Tibetan Definition དེ་ཡང་། ཡོངས་སུ་གྲགས་པའི་བཀའ་སྲོལ་ཏེ།

1. གྱི་ཇོ་ལུགས་ནི། པཎྜི་ཏ་ཤྲཱི་བྷ་དྲ་བོ་དྷི་ལས་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་ཞུས། དེས་ཕྲོམ་ལོ་ཙཱ་བ་པདྨ་འོད་ཟེར་ལ་གནང་། དེས་ཟིན་བྲིས་སྦྱོར་དྲུག་གི་ཡི་གེ་མཛད་དེ་མུག་སྟོན་བཻ་ཌཱུརྱ་ལ་གནང་། དེ་ནས་ལྷོ་པ་ཆོས་ལྡན་དང་། དོལ་པོ་མགོན་པོ། ཀུན་སྤངས་ཆེན་པོ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་པོ་ཆེ། རྗེ་བཙུན་དཔལ་ཆེན་པ་སོགས་ལ་རིམ་པར་བརྒྱུད་པའོ། ། 2. རྭ་ལུགས་ནི། རྭ་ཆོས་རབ་ཀྱིས་པཎྜི་ཏ་ས་མནྟ་ཤཱི་ལས་དབང་རྒྱུད་བཤད་མན་ངག་ཆ་ཚང་ཞུས་ཤིང་བོད་དུ་སྤྱན་དྲངས་ནས་རྒྱུད་འགྲེལ་མན་ངག་དང་བཅས་པ་བསྒྱུར་བཤད་གཏན་ལ་ཕབ། དེ་ལ་ཉིད་ཀྱི་སྲས་རྭ་ཡེ་ཤེས་སེང་གེས་གསན། དེ་ལས་ཉིད་ཀྱི་སྲས་རྭ་འབུམ་སེང་གིས་ཞུས། དེ་ལ་རྗེ་བཙུན་རྒ་ལོས་གསན། དེ་ལས་ཉིད་ཀྱི་སྲས་བླ་མ་ཤེས་རབ་སེང་གེས་ཞུས། དེ་ལ་སྲས་བླ་མ་རྡོ་རྗེ་རྒྱལ་མཚན་དང་ཀུན་མཁྱེན་དོལ་པོ་བས་གསན། བླ་མ་རྡོ་རྗེ་རྒྱལ་མཚན་ནས་བུ་སྟོན་རིན་པོ་ཆེས་རྒྱུད་འགྲེལ་ཡན་ལག་དང་བཅས་པ་ཞུས་ཏེ་རིམ་པར་བརྒྱུད་པའོ། ། 3. འབྲོ་ལུགས་ནི། ཁ་ཆེ་ཟླ་བ་མགོན་པོ་ལས་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་དང་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུངས་ཀྱིས་ཞུས། འབྲོ་ལོས་མཆོག་མི་འགྱུར་གྱི་ལེའུ་མ་གཏོགས་རྒྱུད་འགྲེལ་རྫོགས་པར་བསྒྱུར། ཕྱིས་པཎྜི་ཏས་མཆོག་མི་འགྱུར་ལ་རང་འགྱུར་ཡང་མཛད། ལྷ་རྗེ་སྒོམ་པ་ལས་སྒྲོ་སྟོན་གནམ་ལ་བརྩེགས་ཀྱིས་གསན། དེས་གྲུབ་ཆེན་ཡུ་མོ་བ་ལ་གནང་། དེས་སྲས་དྷརྨ་ཤྭ་ར། དེས་སྲས་གྲུབ་ཐོབ་སེ་མོ་ཆེ་བ། དེས་ཆོས་རྗེ་འཇམ་གསར་བ་ཤེས་རབ་འོད་ཟེར། དེས་སྲས་གྲུབ་ཐོབ་སེ་མོ་ཆེ་བ། དེས་ཆོས་རྗེ་འཇམ་གསར་བ་ཤེས་རབ་འོད་ཟེར། དེས་རྗེ་བཙུན་རྒ་ལོ་དང་ཀུན་མཁྱེན་ཆོས་སྐུ་འོད་ཟེར། ཀུན་མཁྱེན་ལས་ཞང་ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་དང་། ཀུན་སྤངས་པ་ནས་མང་དུ་གྱེས་པའི་ཀུན་མཁྱེན་འཕགས་འོད་བརྒྱུད་བུ་སྟོན་རིན་པོ་ཆེས་གསན་པ་དང་། ཀུན་སྤངས་བུ་བཞིའི་ནང་ཚན་ལ་སྟོད་པ་དབང་ཕྱུག་རྒྱལ་མཚན་དང་། མུན་མེ་བྲག་ཁ་བ་གྲགས་པ་སེང་གེ་སོགས་བརྒྱུད་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱིས་གསན་པ་དང་། མཁས་བཙུན་ཡོན་ཏན་རྒྱ་མཚོ་བརྒྱུད་ཀུན་མཁྱེན་དོལ་པོ་བས་གསན་ཞིང་སློབ་བརྒྱུད་རྣལ་འབྱོར་གྱི་དབང་ཕྱུག་མང་དུ་བྱོན། 4. ཙ་མི་ལུགས་ནི། ཙ་མི་སངས་རྒྱས་གྲགས་ནི་མི་ཉག་གི་ཡུལ་དུ་འཁྲུངས་ཤིང་རྒྱ་གར་འཕགས་པའི་ཡུལ་དུ་ཡུན་རིང་བཞུགས་པ། རྡོ་རྗེ་གདན་དང་ནཱ་ལེནྡྲའི་མཁན་པོ་མཛད་མྱོང་ཞིང་རྒྱ་གར་ཤར་ནུབ་ཀུན་ཏུ་མཁས་པར་གྲགས་པ་ཞིག་ཡིན། དེས་དུས་ཞབས་པ་དང་ཨ་བྷ་ཡ་ལས་གསན་པ་དང་། སློབ་མ་བོད་ཀྱི་ལོ་ཙཱ་བ་མང་དུ་བྱུང་བའི་དཔལ་ཆེན་རྒ་ལོ་ནས། ས་སྐྱ་པཎྜི་ཏ་དང་། རྒྱུས་པ་གཞོན་ནུ་སེང་གེ དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཆེན་པོ་རྣམས་ལ་བརྒྱུད་དེ་སྦྱོར་དྲུག་ས་ལུགས་ཞེས་པ་བྱུང་། ། སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་བརྒྱུད་སྙེ་མདོ་ཀུན་དགའ་དོན་གྲུབ་དང་ཀརྨ་རང་བྱུང་རྡོ་རྗེ་ལ་བྱུང་། ཀརྨ་རང་བྱུང་རྡོ་རྗེ་ནས་བཀའ་བརྒྱུད་ཀྱི་ཕྱོགས་སུ་ཆེས་ཆེར་དར། 5. པཎ་ཆེན་ཤཱཀྱ་ཤྲཱིའི་ལུགས་ནི། པཎ་ཆེན་ཤཱཀྱ་ཤྲཱི་དེ་དགུང་ལོ་དོན་བརྒྱད་ལ་ཕེབས་པའི་ཚེ་འཁོར་པཎྜི་ཏ་དགུ་དང་བཅས་ཁྲོ་ཕུ་ལོ་ཙཱ་བས་གདན་དྲངས་ཏེ་བོད་དུ་ཕེབས། བོད་དུ་སློབ་མ་མང་དུ་བྱུང་བའི་ཆོས་འདིའི་སྲས་ཀྱི་ཐུ་བོ་དཔྱལ་ཆག་ས་གསུམ་ཡིན། དཔྱལ་ལོ་ཙཱ་བ་ཆོས་བཟང་ནས་རིམ་པར་བརྒྱུད་ཏེ་འགོས་ལོ་གཞོན་ནུ་དཔལ་དང་ཞྭ་དམར་ཅོད་པན་འཛིན་པ་སོགས་ལ་བྱུང་། ཆག་ལོ་ཙཱ་བ་དགྲ་བཅོམ་པ་བརྒྱུད་སྦྱོར་དྲུག་གི་ཁྲིད་ཆག་ལོ་ཆོས་རྗེ་དཔལ་སོགས་ནས་རིམ་པར་བྱུང་། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་བརྒྱུད་ས་སྐྱའི་ཕྱོགས་སུ་དར་བ་ལ་ས་ལུགས་ཞེས་ཀྱང་གྲགས། སྟེང་པ་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་དང་། རོང་གླིང་ལོ་ཙཱ་བ་རྡོ་རྗེ་དབང་ཕྱུག ། ཤེའུ་ལོ་ཙཱ་བ་བྱམས་པ་ཆོས་གྲགས། སེ་ལོ་ཙཱ་བ་གཞོན་ནུ་ཚུལ་ཁྲིམས་སོ་སོས་ཀྱང་ཙ་མི་དང་ཨ་བྷ་ཡ་སོགས་ལ་ཞུས་ཏེ་སྤེལ་བ་ཡིན་ནོ། ། 6. ཆག་ལུགས་ནི། ཆག་ལོ་ཆོས་རྗེ་དཔལ་གྱིས་རྒྱ་གར་གྱི་པཎ་ཆེན་གནས་བརྟན་རཱ་ཧུ་ལ་ཤྲཱི་བྷ་དྲ་སོགས་བསྟེན་ནས་དུས་འཁོར་གྱི་ཆོས་ཆ་ཚང་ནོས། དེ་ལ་ཉིད་ཀྱི་དབོན་པོ་བསྟན་འཛིན་དཔལ་བཟང་པོ་བརྒྱུད་དེ་ལུང་དང་། དབང་། ཁྲིད་ཀྱི་བརྒྱུད་པ་སོ་སོར་བྱུང་ངོ་། ། 7. ཤྭ་བ་རི་དབང་ཕྱུག་གི་ལུགས་ནི། རྡོ་རྗེ་འཆང་ངམ་སྤྱན་རས་གཟིགས་དབང་ཕྱུག་ལ་གྲུབ་ཆེན་ཤཱ་བ་རི་དབང་ཕྱུག་གིས་གསན། དེ་ལ་པཎ་ཆེན་བི་བྷུ་ཏི་ཙནྡྲས་གསན། དེ་ལ་གྲུབ་ཐོབ་དུམ་བུ་ཀོ་བྲག་པས་གསན། དེ་ལ་སློབ་མ་མང་དུ་བྱུང་བའི་དཔྱལ་ཨ་མོ་གྷ་དང་གོ་ལུང་པ་གཞོན་ནུ་དཔལ་བརྒྱུད་ཐར་ལོ་ཉི་མ་རྒྱལ་མཚན་ལ་བྱུང་། དེ་ནས་བུ་ སྟོན་རིན་པོ་ཆེར་བརྒྱུད་པའོ། ། ཡང་པན་ཆེན་བི་བྷུ་ཏི་ཙནྡྲ་དང་། དཔྱལ་ལོ་ཨ་མོ་གྷ་གཉིས་ཀ་ལ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་གསན་ཏེ་ཀུན་སྤངས་པ་ལ་བརྒྱུད་པའོ། ། ཡང་ཤྭ་ཝ་རི་དབང་ཕྱུག་གི་ཐུགས་སྲས་པཎ་ཆེན་ནགས་ཀྱི་རིན་ཆེན་ནས་རིམ་བཞིན་ལོ་ཆེན་བསོད་ནམས་རྒྱ་མཚོ་སོགས་བརྒྱུད་དེ་བྱུང་ངོ་། ། ལུགས་དེ་དག་ལས་རྭ་འབྲོ་ཆག་གསུམ། ཙ་མི་དང་ཤྭ་ཝ་རི་དབང་ཕྱུག་གི་ལུགས་བཅས་ལ་དབང་བཤད་མན་ངག་གི་བཀའ་ཚང་བར་བཞུགས་ཞེས་གསུངས་སོ། །

Tibetan Source 《རྩིས་རིག་ལ་འཇུག་པའི་སྒོ་》དེབ་གཟུགས་ཤ་91.5ཤལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number