7511

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan རྫས་ལས་མ་བྱུང་བའི་བསོད་ནམས་བདུན།
Tibetan Alternate
Tibetan Definition དེ་ཡང་། མཛོད་གནས་བཞི་པ་ལས་བྱུང་བའི་སྟེ།

1. སངས་རྒྱས་དང་དེའི་རྗེས་འཇུག་ཉན་ཐོས་སོགས་ཕྱོགས་གང་དག་ཏུ་བཞུགས་པ། 2. བྱོན་པར་བརྩམ་པ། 3. ལམ་དུ་མཇལ་བ། 4. དེ་འདྲ་མཐོང་བ་དང་ཐོས་པ། 5. དེ་དག་ལས་ཆོས་ཐོས་པ། 6. ཐོས་པའི་དོན་བཞིན་སྡོམ་པ་ལེན་པ། 7. དེ་ལ་རྒྱུན་དུ་དགའ་བ་དང་དྭངས་པ་བསྐྱེད་པ་བཅས་ནི་རྫས་ལས་མ་བྱུང་བར་ཡིད་དང་ལུས་ངག་ཙམ་གྱིས་བསྐྱེད་པའོ། ། དེ་ལ། བཞུགས་དང་གཤེགས་རྩོམ་ལམ་ཞུགས་དང་། ། ཕྱིན་པ་ཐོས་པ་མང་བ་དང་། ། ཆོས་ཐོས་བསླབ་པའི་གཞི་འཛིན་ལས། ། དགའ་དང་དང་བ་བསྐྱེད་པ་ནི། ། རྫས་ལས་མ་ལྟོས་བསོད་ནམས་བདུན། ། ཞེས་གསུངས་སོ། །

Tibetan Source 《ཀློང་རྡོལ་གསུང་འབུམ་》གླེགས་བམ་དང་པོ་ཤ་585.14ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number