7514
| Tibetan | བརྫུན་དུ་སྨྲ་བ་ཉིས་ཚན་ནས་བརྒྱད་ཚན་བར་ཚན་པ་བདུན། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས་བྱུང་བ་སྟེ།
1. བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ནི། (1)གཞི་མེད་པར་ཕམ་པར་འགྱུར་བ། (2)དགེ་འདུན་ལྷག་མ། (3)ལྟུང་བྱེད། (4)སོ་སོར་བཤགས་པར་བྱ་བ། (5)ཉེས་བྱས། (6)གཞི་མེད་པར་མཐོང་བ། (7)ཐོས་པ། (8)དོགས་པའོ། ། 2. བརྫུན་དུ་སྨྲ་བ་རྣམ་པ་བདུན་ནི། (1)གཞི་མེད་པར་ཚུལ་ཁྲིམས་ཉམས་པ། (2)ལྟ་བ་ཉམས་པ། (3)ཆོ་ག་ཉམས་པ། (4)འཚོ་བ་ཉམས་པ། (5)གཞི་མེད་པར་མཐོང་བ། (6)ཐོས་པ། (7)དོགས་པའོ། ། 3. བརྫུན་དུ་སྨྲ་བ་རྣམ་པ་དྲུག་ནི། (1)དགེ་སློང་མ་རྣམས་བརྫུན་དུ་སྨྲ་བར་འདོད་པ་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ། (2)བརྫུན་དུ་སྨྲའོ་སྙམ་པ། (3)རྫུན་སྨྲས་སོ་སྙམ་པ། (4)གཞི་མེད་པར་མཐོང་བ། (5)ཐོས་པ། (6)དོགས་པའོ། ། 4. བརྫུན་དུ་སྨྲ་བ་རྣམ་པ་ལྔ་ནི། (1)གཞི་མེད་པར་ཕས་ཕམ་པར་འགྱུར་བ། (2)དགེ་འདུན་ལྷག་མ། (3)ལྟུང་བྱེད། (4)སོ་སོར་བཤགས་པར་བྱ་བ། (5)ཉེས་བྱས་སོ། ། 5. བརྫུན་དུ་སྨྲ་བ་རྣམ་པ་བཞི་ནི། (1)གཞི་མེད་པར་ཚུལ་ཁྲིམས་ཉམས་པ། (2)ལྟ་བ་ཉམས་པ། (3)ཆོ་ག་ཉམས་པ། (4)འཚོ་བ་ཉམས་པའོ། ། 6. བརྫུན་དུ་སྨྲ་བ་རྣམ་པ་གསུམ་ནི། (1)གཞི་མེད་པར་མཐོང་བ། (2)ཐོས་པ། (3)དོགས་པའོ། ། 7. བརྫུན་དུ་སྨྲ་བ་རྣམ་པ་གཉིས་ནི། (1)རྫུན་སྨྲ་བ་ན་འདི་སྙམ་དུ་རྫུན་སྨྲའོ་སྙམ་པ། (2)རྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་རྫུན་སྨྲས་སོ་སྙམ་པའོ། ། |
| Tibetan Source | 《འདུལ་བ་ཏ་པ་》ཤ་260བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |