7624
Jump to navigation
Jump to search
| Tibetan | བསླབ་པར་བྱ་བའི་ཆོས་བདུན། |
|---|---|
| Tibetan Alternate | |
| Tibetan Definition | དེ་ཡང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཞུས་པའི་ཆོས་བདུན་པའི་མདོ་ལས་བྱུང་བ་སྟེ།
1. རྣམ་པར་རྟོག་པས་ཀྱང་འདོད་པ་ལ་སྟེན་པར་མི་བྱེད་ན། དབང་པོ་གཉིས་ཀྱིས་སྦྱོར་བས་ལྟ་སྨོས་ཀྱང་ཅི་དགོས། 2. ཐ་ན་རྨི་ལམ་གྱི་ནང་དུའང་མི་དགེ་བའི་བཤེས་གཉེན་སྟེན་པར་མི་བྱེད་པ། 3. བྱ་དང་འདྲ་བའི་སེམས་ཀྱིས་ཡོངས་སུ་འཛིན་པ་མེད་པར་བྱ་བ། 4. ཐབས་དང་ཤེས་རབ་ལ་མཁས་པས་ང་རྒྱལ་དང་། ངར་འཛིན་པ་མེད་པར་བྱ་བ། 5. དངོས་པོ་དང་དངོས་མེད་པ་སྤངས་ནས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་པ་བརྟན་པོ་དང་ལྡན་པར་བྱ་བ། 6. ཡང་དག་པར་བདེན་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་ཤེས་པས་སྒྱུ་མ་དང་། རྨི་ལམ་འདྲ་བར་འཁོར་བ་ལས་མངོན་པར་དགའ་བར་བྱ་བ་མ་ཡིན་པ། 7. རྒྱུ་དང་འབྲས་བུ་ལ་སྐུར་པ་གདབ་པར་མི་བྱ་བའོ། ། |
| Tibetan Source | 《མདོ་ད་པ་》ཤ་462བ་1ལས་བཏུས། |
| Wylie | |
| Wylie Definition | |
| Wylie Synonym | |
| Sanskrit | |
| English | |
| English Definition | |
| English Synonyms | |
| Chinese | |
| Chinese (Simplified) | |
| Chinese (Traditional) | |
| Chinese Definition | |
| Page Number |