7626

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ལྷར་སྐྱེ་བའི་ཆོས་བདུན།
Tibetan Alternate
Tibetan Definition དེ་ཡང་། འཕགས་པ་དམ་པའི་ཆོས་དྲན་པ་ཉེ་བར་གཞག་པ་ལས་བྱུང་བ་ལྟར་ན་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། 1. ཐོས་པ་དང་ལྡན་པར་གྱུར་པ། 2. ཐོས་པའི་དོན་དང་ལྡན་པ། 3. ཐོས་པའི་ཆོས་རྣམས་ལ་སྤྱོད་པར་བྱེད་པ། 4. བློ་ཐོས་པས་ལེགས་པར་སྦྱངས་པ། 5. ཐོས་པ་ལ་སྐྱབས་སུ་བྱེད་པ། 6. ཐོས་པ་ལ་སྙིང་པོར་བྱེད་པའི་བློས་གཅིག་ཏུ་སྙིང་པོར་གྱུར་པའི་ཐོས་པ་རྣམས་ཆེད་དུ་འཛིན་པ། 7. དེ་དག་གིས་དགེ་བའི་བཤེས་གཉེན་ལ་དགའ་བའི་སྐྱེས་བུ་རྣམས་ནི། ཡོན་ཏན་བདུན་དང་ལྡན་པར་འགྱུར་རོ། ། ཡོན་ཏན་བདུན་ནི་འདི་ལྟ་སྟེ། (1)ཇི་སྐད་སྨྲས་པ་དེ་ལྟར་བྱེད་པ། (2)ཇི་སྐད་སྨྲས་པ་བརྟན་པོར་འཛིན་པ། (3)དེ་བརྟན་པོར་འཛིན་པ་དེ་སྙིང་པོར་བྱེད་པ། (4)སོ་སོར་རྣམ་པར་དཔྱོད་པའི་བློ་གྲོས། (5)དེ་ཁོ་ན་ཉིད་ལ་མངོན་པར་འཇུག་པ། (6)བློ་གྲོས་བརྟན་པས་མང་པོ་རྣམས་ཆུད་འཛའ་བར་མི་འགྱུར་བ། (7)གཞན་རྣམས་ཀྱང་དེ་དང་ངང་ཚུལ་མཚུངས་ན་རྗེས་སུ་སྟེན་པར་བྱེད་པ་ཡིན་ཏེ། གཞན་གྱི་ཆོས་ཀྱིས་མི་འཕྲོག་ཅིང་། དེ་བཞིན་དུ་ཡོན་ཏན་བདུན་དང་ལྡན་པའི་གྲོགས་པོ་རྣམས་ལ་རྟེན་པར་བྱེད་པའོ། ། ཁག་གཉིས་པ། 1. དགེ་བཤེས་སྟེན་པ། 2. ཐོས་པ་དང་ལྡན་པར་གྱུར་པ། 3. སྒྲུབ་པ་དང་ལྡན་པར་གྱུར་པ། 4. ལེ་ལོ་མེད་པར་གྱུར་པ། 5. དྲན་པ་དང་ལྡན་པར་གྱུར་པ། 6. གཞན་ལ་གདུང་བར་མི་བྱེད་པ། 7. ཚུལ་འཆོས་པ་མེད་པའོ། །

Tibetan Source 《མདོ་ཡ་པ་》ཤ་224བ་5ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number