7665

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
Tibetan ཁེ་བརྒྱད།
Tibetan Alternate
Tibetan Definition འདི་ལ་ཁག་གཉིས་ཡོད་པ་སྟེ།

ཁག་དང་པོ། སྔར་བཙན་པོའི་དུས་སྐབས་སུ་སྲིད་གཞུང་གི་དཔྱ་ཕྲལ་དང་ཚོང་དོན་གྱི་ས་ཁུལ་བརྒྱད་ཀྱི་མིང་སྟེ། 1. ཤར་ཕྱོགས་ཀྱི་དར་ཟབ་ལས་སྒོ་ལ་བློན་པོ་འབྲོ་ཁྲི་སུམ་རྗེ་སྟག་སྣང་གིས་དབང་བསྒྱུར། 2. ལྷོ་ཕྱོགས་སུ་ཡོད་པའི་འབྲས་དང་ཁྲེའི་ལས་སྒོ་ལ་བློན་པོ་འགོས་ཁྲི་སྙེན་བལ་མས་དབང་བསྒྱུར། 3. ནུབ་ཕྱོགས་སུ་རས་དང་རྒྱ་སྐག་(དམར་ཚོས་)གི་ལས་སྒོ་ལ་བློན་པོ་འབྲོ་ཆུང་གི་བཟང་འོར་མས་དབང་བསྒྱུར། 4. བྱང་ཕྱོགས་སུ་ཚྭ་དང་མཛོའི་ལས་སྒོ་ལ་བློན་པོ་ཁྱུང་པོ་སྤུ་སྟངས་ཀྱིས་དབང་བསྒྱུར་བ་དང་བཞི་སྟེ་དེ་དག་རེ་རེ་ལ་ཡན་ལག་རེ་རེ་ཡོད་པས་བརྒྱད་དོ། ། འདི་དག་《མཁས་པ་ ལྡེའུ་ཆོས་འབྱུང་》ལས་བཙན་པོ་སྲོང་བཙན་སྒམ་པོའི་ལོ་རྒྱུས་སྐབས་སུ་གསུངས་འདུག་(འདིའི་ནང་གི་བློན་པོ་གཉིས་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་ཡིན་པས་བརྟག་དགོས་སོ)

Tibetan Source 《དུང་དཀར་ཚིག་མཛོད་ཆེན་མོ་》ཤ་317.8ལས་བཏུས།
Wylie
Wylie Definition
Wylie Synonym
Sanskrit
English
English Definition
English Synonyms
Chinese
Chinese (Simplified)
Chinese (Traditional)
Chinese Definition
Page Number